ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་གྱི་ཆ་ཤས་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུ་བཞིན་པའི་མཛད་སྒོར་ཆེད་ཕེབས་གནང་ཡོད།
དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༣ ཉིན་པ་ཀོར་ Pathankot བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་དེ་རིང་ཕྱི་ཚེས་ ༤ ཉིན་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་ཀྱིས་ཕྱི་ཚེས་ ༥ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།