༢༠༡༨ ཟླ་ ༣ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༨ ཉིན་བཀའ་ཤག་གི་ཚོགས་ཁང་ནང
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་
དེ་རྗེས་དཔལ་ལྡན་སྲིད་སྐྱོང་
རྒྱལ་ཁབ་ཞིག་གི་གཞུང་དམངས་ནས་བོ
ཐེངས་འདིར་དེ་སྔ་དང་མི་འདྲ་བ་གང་ཡོད་ཅེ་ན། རྒྱ་གར་གཙོ་བོར་གྱུར་བའི་བོད་མི
གཞས་ཚིག
ཐུགས་རྗེ་ཆེའོ་འཕགས་པའི་ཡུལ།
འཛམ་གླིང་ཤེས་རིག་འོད་ཟེར་གང་ནས་ལེགས་པར་འཚེར།
རིག་བྱེད་དང་ནི་སྔོན་རབས་བདེན་པའི་མེ་ཏོག་བཞད།
ལྷག་པར་མཛེས་པའི་རྒྱལ་ཁབ་འདི་ཉིད་གོ་ལའི་ཕུད།
འདི་འདྲའི་རྒྱལ་ཁབ་འཛམ་གླིང་འདི་ན་རྒྱ་གར་ཙམ།
དོན་དམ་སློབ་མར་གྱུར་བའི་གངས་ལྗོངས་བོད་མི་ཚོས།
བཀའ་དྲིན་ཟླ་མེད་སློབ་དཔོན་འཕགས་པའི་ཡུལ་ལ་གུས་ཕྱག་འབུལ།
བདག་ཅག་ཁྱེད་ཀྱི་བརྩེ་བས་བསྐྱངས་པའི་སྐྱེད་མོས་ཚལ།
རང་གི་ངོ་བོ་མི་བརླག་འཚོ་བ་ཁྱེད་ཀྱི་དྲིན།
འགྲོ་བའི་དཔལ་ཡོན་སྐྱོང་བའི་མགོན་སྐྱབས་ཁྱེད་ཉིད་ཀྱིས།
འཛམ་གླིང་ཡང་ཐོག་བདག་ཚོར་ཚེ་སྲོག་གཉིས་པ་བྱིན།
ཁ་བའི་འདབ་མ་བྱུར་བུར་སྤུངས་པའི་རི་རྒྱལ་བཞིན།
རིག་པའི་གནས་ཀྱིས་རབ་ཏུ་ཕྱུག་པའི་འཕགས་ཡུལ་དང་།
བོད་ཡུལ་དབར་གྱི་མི་ལོ་སྟོང་ཕྲག་དུ་མའི་མཛའ་འབྲེལ་མཚར།
འཕགས་བོད་ཆོས་དང་རིག་གཞུང་སྐད་ཡིག་ལེགས་བྱང་སོགས།
མཚར་སྡུག་གཟུགས་བརྙན་ཇི་དབྱེར་མེད་རྣམ་པར་བཀྲ།
འདི་ལྟའི་རིན་བྲལ་འབྲེལ་བ་སྲིད་ན་མེད།
གྲངས་ལས་འདས་པའི་བོད་ཀྱི་ལོ་ཙྭ་གོང་མ་ཚོས།
ཚངས་པའི་ཡི་གེའི་གཟུགས་དང་མངོན་བརྗོད་འཆི་མེད་མཛོད།
ལེགས་སྦྱར་བརྡ་སྤྲོད་ཀ་ཙན་དབྱངས་གསུམ་མཐར་ཕྱིན་ནས།
བཀའ་དང་བསྟན་བཅོས་ལ་སོགས་བོད་ཀྱི་སྐད་དུ་སྒྱུར།
རྣམ་ནོན་ཚུལ་ཁྲིམས་དང་ནི་ནཱལཾདཱ་ཡི་ལྟེ་གནས་སུ།
མཁན་སློབ་ཇོ་གསུམ་ཞབས་ལ་བཏུད་ནས་ཐོས་བསམ་མཛད།
སྒྲ་སྒྱུར་ལོ་ཙྭ་མང་པོས་ཕྱུག་པའི་གངས་ལྗོངས་པས།
འཕགས་པའི་ཡུལ་ལ་བརྒྱ་ཕྲག་ཕྱག་དང་གུས་པས་འདུད།
ལོ་ཙྭའི་དྲིན་ལས་འཕགས་བོད་རིག་གནས་དཔལ་ཡོན་མཐུད།
པཎ་གྲུབ་རྣམས་ཀྱི་ཞབས་ལ་སྒོ་གསུམ་གུས་ཕྱག་འཚལ།
གོ་ལའི་ཁྱོན་ལ་ངེས་ལེགས་ལམ་གྱི་རེ་ཁ་གཏོད།
འཕགས་པའི་ཡུལ་དང་བོད་ཀྱི་མཛའ་འབྲེལ་ངོ་མཚར་ཆེ།
ཁྱེད་ནི་གོ་ལ་ཁྱིམ་གཅིག་འཛིན་པའི་ཞི་བདེའི་མ།
ཞི་དྲག་ལས་ཀྱི་གནས་ལ་མཁས་ཤིང་འཇིགས་པ་བྲལ།
ཆོས་ལྡན་བྷོ་ཊའི་ལྗོངས་སུ་རྒྱ་དམར་དཔུང་འཛུལ་གྱིས།
ས་མཐར་གྱར་བའི་བོད་མིར་སྐྱབས་བྱིན་སློབ་དཔོན་མཆོག
དོན་དམ་འགྲོ་བའི་རིན་ཐང་སྐྱོབ་པོས་རྗེས་སུ་འཇུག
བོད་ཀྱི་དཔལ་ཡོན་ལེགས་བྱང་མི་ཚེའི་འགྲོ་ལུགས་བཅས།
ཁྱེད་ཀྱིས་བསྐྱབས་ཤིང་མི་རིགས་རང་གི་ངོ་བོ་བྱིན།
ཕྲུ་གུར་ཤེས་ཡོན་མཐུན་རྐྱེན་སྦྱོར་བའི་སློབ་གྲྭ་དང།
ཆོས་རིག་ལེགས་བྱང་སྲུང་བའི་མཐོ་སློབ་གསར་འཛུགས་མཛད།
གཞི་རྩའི་འཚོ་བའི་མཐུན་རྐྱེན་རང་དགར་ཕུན་སུམ་ཚོགས།
ཁྱེད་ཀྱི་པང་དུ་མི་ལོ་དྲུག་ཅུའི་འཚོ་བར་རོལ།
དྲིན་ཤེས་ཚོར་བ་ལྕི་ཡང་ལེགས་གསོའི་ཚིག་གིས་ཕོངས།
བཀའ་དྲིན་ཆེ་འོ་དྲིན་ཆེན་རྒྱ་གར་མི་མང་ཚོ།
ཁྱེད་ཚོའི་ཐུགས་དཀྱེལ་ཡངས་པའི་ནུས་པ་ཤེས་བཞིན་གུས།
མཛེས་སྡུག་ལྡན་པའི་ཡུལ་འདི་གོ་ལའི་གཙུག་གི་རྒྱན།
སྲིད་ན་འདྲན་ཟླ་བྲལ་བ་རྒྱ་གར་འཕགས་པའི་ཡུལ།
རླབས་ཆེན་རྒྱལ་ཁབ་ཁྱེད་ལ་གུས་ཕྱག་གྲངས་མེད་འབུལ།
ཐུགས་རྗེ་ཆེའོ་བཀའ་དྲིན་ཆེའོ་འཕགས་པའི་ཡུལ།
ཐུགས་རྗེ་ཆེའོ་བཀའ་དྲིན་ཆེའོ་འཕགས་པའི་ཡུལ།