༢༠༡༨ ཟླ་ ༣ ཚེས་ ༢༤ རེས་གཟའ་སྤེན་པ།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། འཇིགས་བྲལ་གློག་བརྙན་བཟོ་མཁན་ བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་ གྲུབ་དབང་ཆེན་ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ དངོས་གྲུབ་ཚེ་རིང་མཆོག་རྣམ་གཉིས་ཨ་རི འི་མངའ་སྡེ་མི་ནི་སོ་ཊར་ཕེབས་ ནས་ས་གནས་དེ་གའི་གྲོས་ཚོགས་ཀྱི་ འཐུས་མི་ཁག་གཅིག་མཇལ་སྟེ་བོད་དོ ན་སྐོར་གླེང་མོལ་གནང་ཡོད།
དེ་ཡང་མི་ནི་སོ་ཊ་ས་གནས་བོད་རི
ཕྱི་ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆབ་སྲིད་བཙོན་ཟུ
དོན་གྲུབ་དབང་ཆེན་ལགས་ཀྱིས་གྲོ
གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ དོན་གྲུབ་དབང་ཆེན་ལགས་དང་སྐུ་ ཚབ་དོན་གཅོད་རྣམ་གཉིས་ཀྱི་ཞུ་དོ ན་རྣམས་གཟབ་ནན་གྱིས་གསན་པ་དང་། ཁོང་རྣམ་པས་བོད་དང་བོད་མིར་ དུས་རྟག་ཏུ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་ཡོད་པའི་རྣམ་ འགྱུར་གསལ་སྟོན་གནང་ཡོད་པ་རེད།
ས་གནས་བོད་རིགས་སྤྱི་མཐུན་ཚོགས་ པའི་ཚོགས་གཙོ་ངག་དབང་འཆི་མེད་ ལགས་ནས། དེ་རིང་ང་ཚོའི་ས་གནས་ནས་ཆབ་སྲི ད་བཙོན་ཟུར་དོན་གྲུབ་དབང་ཆེན་ མགྲོན་འབོད་ཞུས་ནས་ཁོང་གི་མྱོང་ བ་རྣམས་ས་གནས་མང་ཚོགས་དང་། ས་གནས་གྲོས་ཚོགས་ཀྱི་འཐུས་མི་རྣ མས་ལ་འགྲེལ་བརྗོད་གནང་རྒྱུའི་གྲ ་སྒྲིག་ཞུ་ཐུབ་པ་དང་། སྐུ་ཚབ་དོན་གཅོད་མཆོག་ས་གནས་སུ ་གཟིགས་སྐོར་དང་མང་ཚོགས་ལ་གསུང་ བཤད་གནང་རྒྱུར་གདན་ཞུ་ཐུབ་པར་ ཧ་ཅང་དགའ་པོ་བྱུང་ཞེས་དང་། ཐེངས་འདིའི་མཛད་རིམ་བཟོ་སྒྲིག་ གི་བརྒྱུད་རིམ་ཁྲོད་རྒྱུན་ལས་རྣ མས་ཕུད་། འདི་ག་ས་གནས་ནས་ཡིན་པའི་བོད་མི་ འཇིགས་མེད་དབུ་རྒྱན་ལགས་དང་། བསྟན་འཛིན་སྒྲོལ་དཀར་ལགས་ནས་ གང་ཅིའི་མཐུན་འགྱུར་རོགས་རམ་ གནང་བར་གོ་སྐབས་འདི་བརྒྱུད་ཐུ གས་རྗེ་ཆེ་ཞུ་རྒྱུ་ཡིན་ཅེས་གསུ ང་གི་འདུག
ངག་དབང་འཆི་མེད་ལགས་ནས་གསུང་པར་ གཞིགས་ན། ཕྱི་ཟླ་ ༣ ཚེས་ ༢༤ དགོང་མོ་དོན་གྲུབ་དབང་ཆེན་ལགས་ དང་། སྐུ་ཚབ་དོན་གཅོད་རྣམ་གཉིས་ནས་ མང་ཚོགས་ལ་གསུང་བཤད་གནང་རྒྱུ་ དང་། གོ་སྐབས་འདི་བརྒྱུད་མི་ནི་སོ་ ཊ་བོད་རིགས་སྤྱི་མཐུན་ཚོགས་པས་ ས་གནས་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ ཏེ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོ ན་གྲུབ་དབང་ཆེན་ལགས་ཀྱི་བྱས་རྗེ ས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤི ག་ཀྱང་འབུལ་རྒྱུ་ཡིན་ཞེས་གསུངས།
མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ ཚོགས་པ་ནི་བྱང་ཨ་རིའི་ཁྱབ་ཁོངས་ ཀྱི་ས་གནས་སྤྱི་མཐུན་ཚོགས་པ་ཆེ་ གྲས་ཤིག་ཡིན་པ་དང་། དོན་གྲུབ་དབང་ཆེན་ལགས་ལ་ཆེ་བསྟོ ད་ཀྱི་གཟེངས་རྟགས་ཕུལ་བ་དེ་ནི་ མི་ནི་སོ་ཊར་བོད་རིགས་སྤྱི་མཐུ ན་ཚོགས་པས་བོད་ཀྱི་ཆབ་སྲིད་བཙུ ན་ཟུར་ཞིག་ལ་ཆེ་བསྟོད་ཀྱི་གཟེ ངས་རྟགས་ཕུལ་བ་ཐེངས་གཉིས་པ་ཡིན་ ཞིང་། ཐེངས་དང་པོ་དེ་ཞིང་གཤེགས་སྤྲུལ་ སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ ཆེ་མཆོག་ལ་ཕུལ་ཡོད་པ་ཁོང་གི་ཚ་ མོ་ཉི་མ་ལྷ་མོ་ལགས་ནས་བཞེས་ཡོད་ པ་བཅས།།
ངག་དབང་འཆི་མེད་ལགས་ནས་གསུང་པར་
མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་