༢༠༡༨ ཟླ་ ༣ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་བྱང་ཤར་མེ་གྷ་ལ་ཡ་ Meghalaya མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་སང་མ་ Conrad K Sang ma མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲིའི་ནང་འཁོད་དོན། སྐུ་ཉིད་མཆོག་གི་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་། མི་མང་གི་མངོན་འདོད་རྣམས་སྒྲུབ་ཐུབ་པའི་རེ་བ་བཟང་པོ་ཞུས་ཀྱི་ཡོད། ཕྱོགས་མཚུངས་དེ་རིང་གོ་སྐབས་བཟང་པོ་འདིའི་བརྒྱུད་མངའ་སྡེའི་གཞུང་མང་གཉིས་ལ་བོད་མི་མི་ཉུང་བ་ཞིག་མངའ་སྡེའི་རྒྱལ་ས་ཤི་ལོང་དུ་འཚོ་གནས་སླད་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག་པ་བཅས།།
༼ མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ། ༽