༢༠༡༨ ཟླ་ ༢ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཟུར་བཙུགས་ས་གནས་ཁྲིམས་ཞིབ་ཁང་གསུམ་གྱི་ས་ཁོངས་ཁྱབ་ཚད་འོག བཙན་བྱོལ་བོད་མིའི་འདུ་གནས་ཁ་འཐོར་ས་ཁད་རྒྱང་ཆོད་དབང་གིས། ཁྱབ་ཁོངས་མང་ཚོགས་རྣམས་ས་གནས་ཁྲིམས་ཞིབ་ཁང་དུ་ངོ་བཅར་གྱིས་ཁ་མཆུ་ཞུ་གཏུག་བྱ་རྒྱུར་དཀའ་ངལ་དངོས་འཕྲད་ལ་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༡ ཉིན་ས་གནས་ཁྲིམས་ཞིབ་ཁང་ཁག་གི་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་བཀོད་སྒྲིག་ཡོངས་ཁྱབ་གསལ་བསྒྲགས་འགྲེམས་སྤེལ་དང་སྦྲགས། ས་གནས་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་བཅས་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་དུ་ངོ་བསྐྱོད་ཀྱིས། ཁ་མཆུ་ཉན་ཞིབ་དང་ཐག་གཅོད་བཅད་ཁྲ་བཏང་བ་ཁག་ཅིག་བྱུང་ཡོད་པར། གྱོད་ཡ་ཕྱོགས་གཉིས་ཀར་འགྲོ་གྲོན་དང་དུས་གྲོན་གང་ཅིའི་ཆ་ནས་ཕན་འབྲས་ངེས་ཅན་ཐོན་ཡོད་པ་དང་། བྱེད་ཐབས་འདི་མུ་མཐུད་ལག་ལེན་བསྟར་རྒྱུར་དགེ་མཚན་ལྡན་པ་མཐོང་བས་ཉམས་མྱོང་ལ་གཞིགས་པའི་བསྐྱར་བཅོས་གཏན་འབེབས་གཤམ་གསལ།
ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ས་ཁོངས་ཁྱབ་ཚད་དང་། ཁ་མཆུ་ཞུ་གཏུག་བྱ་ཡུལ།
ཁྲིམས་ཞིབ་ཁང་། |
ཁ་མཆུ་ཞུ་གཏུག་བྱ་ཡུལ། |
ཁྱབ་ཁོངས་ས་གནས། |
བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌། |
གཏན་འཇགས་ཞུ་གཏུག་བྱ་ཡུལ། | ༡། སྡེ་ར་ལྡུན། ༢། ར་ཇ་སྤུར་བུད་མེད་མཉམ་ལས། ༣། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་།
༤། སྤོན་ཊ་ཆོལ་གསུམ། ༥། སྤུར་ཝ་ལ་ས་སྐྱ་གཞིས་ཆགས། ༦། ས་ཊོན་ཀཿཐོག ༧། ཀུམ་རའོ་བཅས་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་དང་། འདབས་འབྲེལ་ཁ་འཐོར་བོད་མི་ཡོངས་རྫོགས། |
འཕྲལ་སེལ་ཞུ་གཏུག་བྱ་ཡུལ། | ༡། སྦིར་བོད་ཚོགས། ༢། སྦིར་སྡེ་དགེ ༣། ཅོན་ཏ་ར་ནང་ཆེན། ༤། བཀྲ་ཤིས་ལྗོངས། ༥། མན་ཌི། ༦། ཀུ་ལུ་དཔལ་རབ་གླིང་། ༧། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་། ༨། ཌོ་ལན་ཇི་བོན་གཞིས། ༩། ཌལ་ཧོར་ཕུན་ཚོགས་གླིང་། ༡༠། དྷ་རམ་ས་ལ། ༡༡། ལྡི་ལི་བསམ་ཡས་གླིང་། ༡༢། ཝ་ར་ཎ་སི་བཅས་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་དང་། འདབས་འབྲེལ་ཁ་འཐོར་བོད་མི་ཡོངས་རྫོགས་དང་། དེ་བཞིན་དུ།
༡། འབུམ་སྡེ་ལ། ༢། བསྟན་འཛིན་སྒང་། ༣། ཏི་ཛུ་དར་རྒྱས་གླིང་། ༤། ཀྲུ་ཀྲིང་། ༥། མེའོ་ཆོས་འཕེལ་གླིང༌། ༦། ཤི་ལོང་། ༧། འབྲུག ༨། འཇོ་ཁེལ་བསམ་འགྲུབ་གླིང༌། ༩། བལ་ཡུལ་རྒྱལ་ས་དང་འཕགས་ཤིང་། ༡༠། མཆོད་རྟེན་དང་འཇོར་སྤ་ཊི། ༡༡། ར་སོ་བ་དགེ་རྒྱས་གླིང་། ༡༢། ཤར་ཁུམ་བདེ་ལེགས་གླིང་། ༡༣། ཝ་ལུང་བསམ་འཕེལ་གླིང་། ༡༤། གློ་ཚེ་རོགས་རྣམ་རྒྱལ་གླིང་། ༡༥། གློ་སྒྲིག ༡༦། སྤོག་ར་བཀྲ་ཤིས་དཔལ་འཁྱིལ། ༡༧། སྤོག་ར་བཀྲ་ཤིས་གླིང་། ༡༨། རྡོར་པ་ཀྲན་ནོར་འཛིན་གླིང་། ༡༩། རྡོར་གླིང་། ༢༠། ཀ་སྦུག ༢༡། སྒང་ཏོག ༢༢། ར་ཝང་ལ་ཀུན་ཕན་གླིང༌། ༢༣། སོ་ན་རྡ་བཀྲ་ཤིས་གླིང་བཅས་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་དང་། འདབས་འབྲེལ་ཁ་འཐོར་བོད་མི་ཡོངས་རྫོགས། |
|
ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌། |
གཏན་འཇགས་ཞུ་གཏུག་བྱ་ཡུལ། | ༡། ལུགས་ཟུང་བསམ་གྲུབ་གླིང་། ༢། བདེ་སྐྱིད་སླར་གསོ། ༣། ཧོན་སུར་རབ་རྒྱས་གླིང༌བཅས་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་དང་། འདབས་འབྲེལ་ཁ་འཐོར་བོད་མི་ཡོངས་རྫོགས་དང་།
དེ་བཞིན་དུ། ༡། བྱང་ཨ་རི། ༢། ལྷོ་ཨ་རི། ༣། སུད་སི། ༤། དབྱིན་ལན། ༥། ཕ་རན་སི། ༦། བྷེལ་ཇེམ། ༧། རུ་སོག ༨། ཉི་ཧོང༌། ༩། ཨོ་སི་ཀྲི་ལི་ཡ། ༡༠། ཐའེ་ཝན། ༡༡། ཨ་ཕི་རི་ཀ་བཅས་སྐུ་ཚབ་དོན་གཅོད་སོ་སོའི་ཁྱབ་ཁོངས་དང་། འདབས་འབྲེལ་ཁ་འཐོར་བོད་མི་ཡོངས་རྫོགས། |
འཕྲལ་སེལ་ཞུ་གཏུག་བྱ་ཡུལ། | ༡། ཀོ་ལི་གལ་དོན་ལྡན་གླིང༌། ༢། མོན་གོ་འདོད་རྒུ་གླིང༌། ༣། བྷེང་ལོར་ལྷོ་སྤྱི། ༤། བྷན་རྡ་ར་ནོར་རྒྱས་གླིང་། ༥། མན་སྤར་ཕན་བདེ་གླིང༌། ༦། ཨོ་ལྡི་ཤ་ཕུན་ཚོགས་གླིང༌བཅས་ས་ གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་དང་། འདབས་འབྲེལ་ཁ་འཐོར་བོད་མི་ཡོངས་རྫོགས། | |
ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌། | གཏན་འཇགས་ཞུ་གཏུག་བྱ་ཡུལ། |
ལྕོག་ལམ་སར་བསོད་ནམས་གླིང་དང་སླེ་ཁུལ། བྱང་ཐང་ཕུད། འཇའ་མུ་ཀ་ཤི་མིར་མངའ་ཁུལ་ཁ་འཐོར་བོད་མི་ཡོངས་རྫོགས། |
འཕྲལ་སེལ་ཞུ་གཏུག་བྱ་ཡུལ། | ལ་དྭགས་བྱང་ཐང་ཁུལ་བོད་མི་རྣམས་ཧན་ལེ་དང་། ཉོ་མ། སུམ་མདོ། |
༡། གཏན་འཇགས་ཞུ་གཏུག་བྱ་ཡུལ་དུ་ཁ་མཆུ་ཞུ་གཏུག་དགོས་རིགས་ནས་ཐད་ཀར་ས་གནས་ཁྲིམས་ཞིབ་ཁང་རང་ལ་བྱ་རྒྱུ།
༢། གཏན་འཇགས་དང་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་གང་དུའང་ཁ་མཆུའི་ཞུ་རྩ་འབུལ་སྐབས་སུ། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༡༣ དང་ ༢༣ ནང་གསལ་གྱི་ཆ་རྐྱེན་གཞིར་བཟུང་སྟེ། དགོས་ངེས་ཡིག་ཆ་རྣམས་དོ་བདག་ངོ་མའམ། མི་ངོ་ལག་བརྒྱུད། ཡང་ན་སྦྲག་ཁང་བརྒྱུད་ས་གནས་ཁྲིམས་ཞིབ་ཁང་ལ་ཐད་ཀར་འབུལ་དགོས།
༣། འཕྲལ་སེལ་ཞུ་གཏུག་བྱ་ཡུལ་གང་རུང་དུ་ཁ་མཆུ་ཞུ་གཏུག་སྐབས།
ཀ ཞུ་རྩ་སྦྱོར་མཁན་གྱིས་འབྲེལ་ཡོད་ས་གནས་ཁྲིམས་ཞིབ་ཁང་ལ་འཕྲལ་སེལ་ཁ་མཆུ་ཞུ་གཏུག་གོ་སྒྲིག་གནང་སྐྱོང་ཡོང་བའི་རྒྱུ་མཚན་གསལ་འཁོད་ཀྱི་སྙན་ཞུའི་ཐོག རང་ཉིད་གནས་ཡུལ་ས་གནས་འགོ་འཛིན་ལས་ཁུངས་ནས་དེ་དོན་རྒྱབ་གཉེར་ཡིག་ཆ་ཞུ་ལེན་གྱིས་མཉམ་འབུལ་ཞུ་དགོས།
ཁ འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་གོ་སྒྲིག་ཡོང་བའི་སྙན་ཞུར་དགོངས་བཞེས་གནང་མིན་གྱི་མཐའ་མའི་ཐག་གཅོད་ཁྲིམས་ཞིབ་ཁང་ནས་བྱེད་པ་ཡིན་པས། དེའི་ཐོག་རྩོད་གླེང་བྱེད་མི་ཆོག
༤། འཕྲལ་སེལ་ཞུ་གཏུག་བྱ་ཡུལ་གྱི་གཏུག་བཤེར་ཁང་དང་། ཁྲིམས་ཞིབ་བྱེད་ཡུན་རིང་ས་གནས་ཁྲིམས་ཞིབ་པ་དང་འབྲེལ་ཡོད་ལས་བྱེད་ཀྱི་སྡོད་གནས་སོགས་ས་གནས་འགོ་འཛིན་ལས་ཁུངས་ནས་མཐུན་རྐྱེན་སྦྱོར་དགོས་པ་ཡིན།
གོང་གསལ་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ས་ཁོངས་ཁྱབ་ཚད་དང་། གཏན་འཇགས་དང་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་གྱི་བཀོད་སྒྲིག་འདི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༢༨ ཆ་རྐྱེན་འོག ཁྲིམས་ཞིབ་པ་ལྷན་ཚོགས་ཐེངས་ ༤༨༦ ཐོག་བཀའ་བསྡུར་གཏན་འབེབས་བགྱིས་དོན་ལྟར། གསལ་བསྒྲགས་གནང་ཚེས་ནས་ལག་བསྟར་འགོ་འཛུགས་བྱ་རྒྱུ་དང་། དེ་འབྲེལ་གྱི་སྔོན་སོང་གསལ་བསྒྲགས་ཁག་ནུས་མེད་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༣ ལ།།