ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ལོ་གསར་འདུ་འཛོམས་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་འདུག
དེ་ཡང་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐོག་སྣང་ཆུང་བྱེད་བཞིན་ཡོད་པ་ལྟར། ང་ཚོ་བོད་མི་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་བོད་ཀྱི་གནད་དོན་གསལ་དགོས་པའི་གསུང་བཤད་གནང་འདུག
དེ་བཞིན་ལོ་གསར་ཚེས་ ༣ ཉིན་ཝིར་ཇི་ནི་ཡ་ Virginia མངའ་སྡེའི་ནང་རྟེན་གཞི་བྱས་པའི་འབྲི་གུང་ཆོས་ཚོགས་ནས་མགྲོན་འབོད་གནང་བ་ལྟར། མཆོད་འབུལ་སྨོན་ལམ་ཐོག་མཉམ་ཞུགས་གནང་འདུག མཆོད་འབུལ་སྨོན་ལམ་གྲུབ་རྗེས་རླུང་རྟ་དར་ལྕོག་དང་བསང་གསོལ་བཏང་རྗེས་སྒོར་གཞས་འཁྲབ་ཏེ་ལོ་གསར་སྲུང་བརྩི་གཟབ་རྒྱས་ཞུས་འདུག