ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །བོད་ས་ཕོ་ཁྱི་ལོའི་བོད་ཟླ་ ༡ ཚེས་ ༥ དང་། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ ཉིན་ཏེ་༸རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དུས་ཚེས་བཟང་པོའི་སྔ་དྲོ་ཆུ་ཚོད་ ༧ ཐོག་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་སྐལ་བཟང་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༩ ཉིན་གྱི་སྔ་དྲོར་རྡ་ས་ནས་བོན་གཞིས་ཌོ་ལན་ཇིར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་བཅས།།