ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༨ ནས་ཕྱི་ཟླ་ ༢ ཚེས་ ༡༡ བར་ཉིན་གྲངས་ ༢༥ རིང་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་ཀྲུ་ཀྲིང་དང༌། མེའོ་ཆོས་འཕེལ་གླིང༌། ཏེ་ཛུ་དར་རྒྱས་གླིང༌། ཀ་རྡོར་སྒང་གསུམ། ར་སྦང་ལ་ཀུན་ཕན་གླིང༌། སུ་ནྭ་ཌ། ས་ལུ་སྒར་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་བཀའ་བློན་མཆོག་གཞུང་འབྲེལ་ཕྱོགས་ཕེབས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དགོངས་དོན་ཁུལ་དེར་བོད་མི་རྣམས་ལ་མཐུན་རྐྱེན་དང་ཁེ་ཕན་སོགས་ལེན་ཕྱོགས་དང་འབྲེལ་དཔོན་རིགས་ཁག་མཇལ་འཕྲད་དང་། དེ་བཞིན་ས་གནས་ཀྱི་གནས་སྟངས་རྟོགས་ཞིབ་གནང་རྒྱུའི་སླད་ཡིན། ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱང་ལྷན་བཅར་ཞུ་རྒྱུ་ཡིན་པ་བཅས། །