ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༩
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོ་དང་། རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཁག་དང་། དེང་རབས་ཚན་རིག་པ་བཅས་ཀྱི་ནང་སེམས་དང་སེམས་བསྐྱེད་ཀྱེ་བྱེད་ལས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཁག་ཡོངས་སུ་ལེགས་གྲུབ་རྗེས། ཆོས་རིག་ལས་ཁུངས་ཀྱིས་འགན་འཁུར་འོག་རྒྱ་གར་ནང་གི་ནང་པའི་གནས་ཆེན་ཁག་ཏུ་མཆོད་རྟེན་བདུན་གསར་བཞེངས་ལེགས་གྲུབ་བྱུང་བའི་ཁོངས་ནས་ཝ་ར་ཎ་སིའི་ས་ར་ནཐ་ Sarnath དང་། གཉན་ཡོད། Sravasti, རྩྭ་མཆོག་གྲོང་། Kushinagar སན་ཀི་ Sankasia བཅས་སུ་གསར་དུ་བཞེངས་པའི་མཆོད་རྟེན་ཁག་ལ་གསོལ་བ་སྨོན་ལམ་འདེབས་ཞུས་འདུག རིམ་པས་ཟླ་བ་རྗེས་མའི་ནང་བྷི་ཧར་མངའ་སྡེའི་ནང་ཡོད་པའི་མཆོད་རྟེན་ཁག་ཏུའང་ཕེབས་རྒྱུ་ཡིན་འདུག
སྤྱིར་མཆོད་རྟེན་དེ་དག་བཞེངས་དགོས་དོན་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་བཀའ་སློབ་ལམ་སྟོན་ལྟར་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་བཀའ་དྲིན་མཚོན་སླད་མཆོད་རྟེན་དེ་དག་གསར་བཞེངས་གནང་བ་ཞིག་ཡིན་པ་མ་ཟད། འཛམ་གླིང་ནང་ཞི་བདེ་དང་འཆམ་མཐུན། རང་བྱུང་ཁོར་ཡུག་སྲུང་སྐྱོབ་སླད་ཡིན་འདུག་པ་བཅས།།