ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦར་སིལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡ ཉིན་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཧོ་ལེན་ཊའི་རྒྱལ་ས་ཨམ་སྚར་ཌམ་ནང་བོད་རིགས་ཚོགས་པའི་ཚོགས་མི་དང་མཇལ་འཕྲད་གནང་སྟེ་མ་འོངས་ལས་འགུལ་སྤེལ་ཕྱོགས་སྐོར་ཚོགས་འདུ་ཞིག་སྐོང་ཚོགས་གནང་འདུག
སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་འཆར་ལོའི་གསུམ་བཅུའི་དུས་དྲན་དེ་བཞིན་དོན་སྙིང་ལྡན་པའི་ཐོག་ནས་སྲུང་བརྩི་ཞུ་དགོས་པ་དང་། རྒྱལ་སྤྱིའི་སྟེང་བོད་དོན་ལས་འགུལ་སྤེལ་ཆེད་མདུན་བསྐྱོད་བྱེད་དགོས་པ། ཕྱི་ལོ་ ༢༠༡༨ ལོ་ནི་ཐུག་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ། དེ་བཞིན་བོད་རིགས་ཚོགས་པས་ལས་འགུལ་སྤེལ་སྐབས་གནས་ཡུལ་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་འདུག་པ་མ་ཟད། དཔྱ་ཁྲལ་ལག་དེབ་ཀྱི་དངུལ་འབབ་བསྡུ་ལེན་སླད་དོན་ཁང་གི་རྩིས་པ་བསྟན་འཛིན་ལེགས་བཤད་ལགས་ཧོ་ལེཊ་ཕེབས་ཀྱི་ཡོད་སྐོར་ངོ་སྤྲོད་གནང་། སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཉེ་ཆར་ཨན་ཊུཔ་ Antwerp དང་། ཨོ་སྟན་ཌི། སེ་པེན་གྱི་རྒྱལ་ཁབ་སྦར་སི་ལོ་ན་ནང་ཡོད་པའི་བོད་རིགས་རྣམས་དང་ཐུགས་འཕྲད་གནང་ཡོད།
སྐུ་ཚབ་དོན་ཁང་གིས་མགྲོན་འབོད་བཞིན་ཚོགས་འདུ་ནང་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན། རིག་གཞུང་འགན་འཛིན། དེ་བཞིན་ཡུ་རོབ་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་ཆེ་རིང་བྱམས་པ་ལགས་བཅས་མཉམ་ཞུགས་གནང་ཡོད།
ཉེ་ཆར་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱི་སྣེ་ཁྲིད་འོག་སྤྱི་འཐུས་བཞི་ཡུ་རོབ་རྒྱལ་ཁབ་ཁག་ནང་གྲོ
བོད་མི་མང་སྤྱི་འཐུས་རྣམས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་འཚམས་གཟིགས་ཕྱོགས་ཕེབས་སྐབས་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། རིག་འཛིན་ཆོས་སྒྲོན་ལགས། རྣམ་རྒྱལ་བསམ་གྲུབ་ལགས། མཐུ་སྟོབས་རྣམ་རྒྱལ་ལགས་བཅས་ལྷན་བཅར་ཞུས་ཡོད།།