ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱ་ལོའི་བོད་ཟླ་ ༡༠ ཚེས་ ༢༧ དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གནས་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་བྱེ་བའིི་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དབུ་འབྱེད་ཀྱི་རྟེན་འབྲེལ་མཛད་སྒོའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས་དགའ་ལྡན་ཁྲི་ཐོག་ ༡༠༤ སྐྱབས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། དགའ་ལྡན་ཁྲི་ཟུར་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག བློ་གསལ་གླིང་གི་མཁན་པོ་སྐྱབས་རྗེ་བློ་བཟང་ཡེ་ཤེས་མཆོག གྲྭ་ཚང་གི་ཕྱག་མཛོད་ཁྲི་པ་དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག ས་གནས་འགོ་འཛིན་བཅས་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས། སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གིས་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་བསྟི་གནས་ཁང་གསར་བཞེངས་ལེགས་འགྲུབ་བྱུང་བར་དབུ་འབྱེད་དང་རབ་གནས་བྱིན་རླབས་བཀའ་དྲིན་སྩལ་ཡོད།
དེ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་འགྲེམས་སྟོན་ཁང་ལ་གཟིགས་ཞིབ་གནང་རྗེས་མི་འཇིགས་སེང་ཁྲིའི་སྟེང་ལ་ཞབས་སོར་འཁོད་བསྟུན་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་དགེ་བཤེས་ཡེ་ཤེས་སྐལ་བཟང་ལགས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་དགེ་སློང་ཐུབ་བསྟན་ཚེ་རིང་ལགས་ཀྱིས་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས།
དེ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྐྱ་མི་མང་ ༥༠༠ ལྷག་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་དོན། དེ་རིང་དཔལ་ལྡན་འབྲས་དཀར་སྤུངས་པའི་བློ་གསལ་གླིང་གྲྭ་ཚང་གིས་འཁུར་ཞེ་བོ་ཞིག་བླངས་ནས་ཚན་རིག་གི་འགྲེམས་སྟོན་ཁང་བཟོས་པ་དེ་འཁྱུག་ཙམ་གྱི་འགྲེམས་སྟོན་བྱེད་རྒྱུ་ཙམ་མ་རེད། གང་ལྟར་འཆར་གཞི་ལྡན་པའི་ཐོག་ལོ་ནས་ལོ་བསྟུན་སློབ་སྦྱོང་བྱེད་སའི་རྨང་གཞི་བཏིངས་ཡོད་པ་རེད། ཧ་ཅང་ཡག་པོ་རེད། བཀྲ་ཤིས་བདེ་ལེགས་ཡོད། ཐུགས་རྗེ་ཆེ་ཞུ་གི་ཡིན། འབྲེལ་ཡོད་ཀྱི་ཨ་མི་རི་ཀ་མཐོ་སློབ་དང་དེའི་མཚུངས་པའི་སློབ་སྦྱོང་གི་སྡེ་ཚན་ལ་ཐུགས་སྣང་གི་སློབ་ཁྲིད་གནང་བ་སོགས་མཐུན་སྦྱོར་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། གང་ལྟར་སྤྱི་ཡོངས་ནས་འཛམ་བུ་གླིང་འདིའི་སྒང་ལ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་རེད། ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་དང་ལྡན་པ་ཞིག་རེད་ཅེས་ཚན་རིག་པས་ཤོད་ཀྱི་འདུག དེ་འདྲའི་གནས་ཚུལ་ཡིན་བཞིན་དུ་འཛམ་གླིང་འདིའི་སྒང་ལ་མི་ཡིས་བཟོས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོང་བསྡད་ཀྱི་འདུག དེ་ང་ཚོས་སེམས་འཁུར་ལེན་དགོས་པ་ཞིག་ཡེད། ཕར་ཕྱོགས་སུ་མི་གཅིག་གྱུར་ཡིན་བཞིན་དུ་གཅིག་གིས་གཅིག་གསོད་རེས་བྱེད་པ་དང་མུ་གེ་ཐེབས་ནས་འཆི་འགྲོ་གི་ཡོད་པ་ང་ཚོས་མཐོང་གི་འདུག
ང་ཚོ་ཚང་མ་མི་དུང་ཕྱུར་བདུན་ཅུའི་ནང་གི་ཆ་ཤས་ཤིག་རེད། ད་ལྟ་ང་ཚོ་འཛམ་བུ་གླིང་གི་ལུང་པ་ག་བར་ཕྱིན་པ་ཡིན་ནའང་ཤེས་ཡོན་ཟེར་ནས་ཚང་མས་དེ་ལ་དོ་སྣང་བྱེད་ཀྱི་ཡོད། སྤྱིར་ཤེས་ཡོན་གྱི་ཐོག་ནས་འཛམ་བུ་གླིང་འགྱུར་བ་ཞེ་དྲགས་ཕྱིན་ཡོད་པ་རེད། ཡིན་ཡང་ད་ལྟ་ཡོད་བཞིན་པའི་ཤེས་ཡོན་གྱི་ང་ཚོར་འདང་གི་མེད་པ་གསལ་བོ་རེད། ཕྱི་དངོས་པོ་རྐྱང་རྐྱང་ལ་དམིགས་པ་མ་གཏོགས་ནང་སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་རྒྱུད་འདུལ་ཐབས་བྱེད་ཀྱི་མེད། ང་ཚོས་ཡ་རབས་བཟང་སྤྱོད་ཐོག་སློབ་སྦྱོང་སྤྲད་པ་ཡིན་ན་ཚེ་འདི་རང་ལ་ཉིན་རེ་བཞིན་དུ་སེམས་སྐྱིད་པ། ལུས་བདེ་པ། གྲོགས་བཟང་བ། ཁོར་ཡུག་བཟང་བོ་ཞིག་ཡོང་ཐུབ་ཀྱི་རེད། དེ་འདྲའི་སློབ་སྦྱོང་སྤྲོད་རྒྱུ་འདང་གི་མེད་པ་གསལ་བོ་ཞེ་དྲགས་རེད། སྤྱིར་འཛམ་བུ་གླིང་འདིའི་སྒང་ལ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པའི་ནང་ནས་དུང་ཕྱུར་བཅུ་ལྷག་གིས་ཆོས་ལ་དད་པ་ཡོད་པ་མ་རེད། ཆོས་མེད་མཁན་རེད། དུང་ཕྱུར་དྲུག་བཅུ་ལྷག་གིས་ཆོས་ཁས་ལེན་གྱི་ཡོད་ནའང་ཉོན་མོངས་དང་ཆགས་སྡང་གི་སྒོ་ནས་ཞབས་འདེགས་སྒྲུབ་མཁན་ཞིག་ཆགས་ཡོང་གི་འདུག བྱས་ཙང་དེ་འདྲའི་ཆོས་དད་ཐོག་ང་ཚོ་དང་ཁོང་ཚོ་ཟེར་ནས་ཤུགས་ཆེ་རུ་བཏང་ནས་གསོད་རེས་དང་གཏུབ་རེས་ཡོང་གི་འདུག དེ་བློ་ཡུལ་ལས་འདས་པ་རེད། ཕྱི་དངོས་པོའི་སྐད་ཆ་རྐྱང་རྐྱང་མ་བཤད་པར་སེམས་ལ་བྱམས་བརྩེ་དགོས་པ་རེད་ཅེས་བཤད་ཀྱི་ཡོད།
དེ་འདྲའི་བསླབ་བྱ་སྟོན་མཁན་ཆོས་བརྒྱུད་དེ་ཆགས་སྡང་གི་གཞན་དབང་དུ་ཕྱིན་ནས་མི་གསོད་རེས་གཏོང་གི་ཡོད་པ་ནི་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད། འཛམ་བུ་གླིང་གི་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་རེད་ཅེས་བཤད་་ཀྱི་ཡོད། དཔེར་ན་དུས་རབས་༢༠ འགོ་སྟོད་ལ་ཞི་བདེ་ཟེར་བའི་སྐད་ཆ་ཞེ་དྲགས་བཤད་མཁན་ཡོད་པ་མ་རེད། གསོད་གཏུབ་ཟེར་བའི་སྐད་ཆ་ཁོ་ན་མགོ་འཁོར་ནས་རྡུལ་མཚོན་ལ་དང་དོད་བྱས། ཐ་ན་རྡུལ་ཕྲན་མཚོན་ཆའི་རིག་གནས་བཙལ་ནས་རྙེད་ཡོང་དུས་གོ་མཚོན་བཟོ་རྒྱུའི་ཐོག་ཕྱིན་པ་རེད། དུས་རབས་༢༠ འགོ་དེ་འདྲའི་ངང་ནས་ཕྱིན་པ་རེད། དུས་རབས་༢༠ སྨད་ལ་འཛམ་བུ་གླིང་དམག་ཆེན་དང་པོ་དང་གཉིས་པ་རྐྱེན་གྱིས་མི་གསོད་ཁྲག་སྦྱོར་ཧ་ལས་པ་ཞིག་བྱུང་བ་རེད། རིམ་པས་མི་ཚོས་དམག་ཟེར་བ་དེ་ཡག་པོ་མིན་པ་བརྗོད་ནས་འཛམ་གླིང་ལ་ཞེ་བདེ་དགོས་ཞེས་འབོད་སྒྲ་དེ་གང་སར་ཁྱབ་པ་རེད། རིམ་པས་ཡུ་རོབ་སྤྱི་མཐུན་ཚོགས་པ་བཙུགས། སྔོན་མ་འཇར་མན་དང་ཕ་རན་སི་མི་ཚོས་གཅིག་གིས་གཅིག་ལ་དགྲ་རྩི་ཡི་ཡོད། ཕྱི་ལོ་ ༡༩༩༠ ནང་ལ་དེ་འདྲའི་བསམ་བློ་འགྱུར་ཚར་བ་རེད། བྱས་ཙང་མིའི་ལྷན་སྐྱེས་ལ་ཞི་བདེ་དགོས་ཀྱི་ཡོད་པ་རེད། རིམ་པས་ཞི་བདེ་ཟེར་བ་དེར་དོ་སྣང་ཡོང་གི་ཡོད། ཞི་བདེ་ཟེར་བ་དེ་གོ་མཚོན་ཉུང་དུ་གཏོང་རྒྱུ་དེ་འདྲ་ཡོད་པ་རེད། འོན་ཀྱང་ཞི་བདེ་ཟེར་བ་དེ་སེམས་ཞི་བདེ་བཟོས་ནས་ཞི་བདེ་ཡོང་དགོས་པ་རེད་ཟེར་བ་དེར་དོ་སྣང་ཡོང་གི་མི་འདུག འཛམ་བུ་གླིང་སྒང་ལ་གཙོ་བོར་ནང་སེམས་ཀྱི་ཞི་བདེ་སྐྲུན་དགོས། ཆོས་དང་འབྲེལ་ནས་བཤད་ནས་ཆོད་དད་མེད་མཁན་ཚོས་དོ་སྣང་བྱེད་ཀྱི་མ་རེད། བྱས་ཙང་ཆོས་དང་མ་འབྲེལ་བ་བྱས་ནས་སློབ་སྦྱོང་སྤྲོད་དགོས། དམིགས་བསལ་སེམས་ཁམས་རིག་པའི་ཐོག་ནས་གཙོ་བོ་ཞེ་སྡང་དང་། ང་རྒྱལ། འཇིགས་སྣང་དེ་ཚོ་གྲས་ཀྱིས་སེམས་འཁྲུགས་ནས་ལུས་སེམས་མ་བདེ་བ་ཡོང་གི་ཡོད། བྱས་ཙང་དེ་རིང་ཁ་སང་ Physical hygiene གཟུགས་པོའི་འཕྲོད་བསྟེན་སློབ་སྦྱོང་ནང་ཡོང་གི་ཡོད། ངོས་ཀྱིས་གཟུགས་པོའི་འཕྲོད་བསྟེན་བྱེད་པར་རྒྱུ་རྐྱེན་གཙོ་བོ་སེམས་ཁམས་ཀྱི་འཕྲོད་བསྟེན་དེ་གལ་ཆེན་པོ་རེད་ཅེས་ཤོད་ཀྱི་ཡོད། དེར་བརྟེན་འཛམ་གླི
སེམས་ཁམས་རིག་པའི་གནས་སྟངས་དེ་
སངས་རྒྱས་བཅོམ་ལྡན་འདས་ཀྱིས་
མཁན་སློབ་ཆོས་གསུམ་གྱི་ཐུགས་རྗེ
བཅོན་ལྡན་འདས་ལོ་༢༠༠༠ གོང་གི་ཚན་རིག་པ་ཞིག་རེད། བཅོལ་ལྡན་འདས་ཀྱི་བཀའ་ཡིན་ནའང་