༢༠༡༧ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཕུར་བུ།

དེ་ཡང་། ཨ་མེ་རི་ཀའི་ནང་ཡོད་པའི་དམངས་ གཙོའི་རྒྱ་ནག ཅེས་པའི་རྒྱ་ཡིག་ གི་དྲྭ་རྒྱ་དང་། རྒྱ་ནག་དམངས་གཙོར་སྒྱུར་ཐབས་ཞི བ་འཇུག་ཁང་ཐུང་མོང་གིས་གྲ་སྒྲིག་བྱ ས་པའི་ <<ལིའུ་ཞའོ་པོ་རྗེས་དྲ ན་རྩོམ་ཡིག་ཕྱོགས་སྒྲིག>> ཞེས་པའི་ཕྱག་དེབ་དབུ་འབྱེད་ཀྱི་ མཛད་སྒོ་དེ། ཕྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༩ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ གི་རྒྱ་གྲོང་ Flushing དུ་ཡོད་པའི་ Sheraton གསོལ་མགྲོན་ཁང་དུ་ཚོགས་ཡོད་པ་ དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་ འཕེལ་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ དངོས་གྲུབ་ཚེ་རིང་རྣམ་གཉིས་གདན་ ཞུས་ལྟར་མཛད་སྒོར་ཕེབས་ཏེ་ཕྱག་ དེབ་དབུ་འབྱེད་དང་། མཛད་སྒོའི་ཐོག་གསུང་བཤད་གནང་ཡོ ད་པ་རེད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་ མཁན་པོ་བསོད་ནམས་བསྟན་འཕེལ་མཆོ ག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ དངོས་གྲུབ་ཚེ་རིང་རྣམ་གཉིས་ནས་ དབུ་འབྱེད་མཛད་སྒོར་གསུང་བཤད་ གནང་སྐབས། ནོ་བེལ་ཞི་བདེའི་གཟེངས་རྟགས་ བཞེས་མཁན་ཞིང་གཤེགས་སྐུ་ཞབས་ལིའུ་ཞའོ་པོ ་ལ་རྗེས་དྲན་གྱི་ཕྱག་དེབ་དཔར་སྐྲུ ན་གནང་ཐུབ་པར་ལེགས་གསོའི་བསྔགས་ བརྗོད་གནང་བ་དང་དུས་མཚུངས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ ནས་ལིའུ་ཞའོ་པོ་སྐུ་འཚོ་བཞུགས་ སྐབས་ཀྱི་མཛད་རྗེས་ལ་གདེང་འཇོག་ གནང་ཡོད་པའི་སྐོར་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་ནས་ལིའུ་ ཞའོ་པོ་ལ་ནོ་བེལ་ཞི་བདེའི་གཟེ ངས་རྟགས་ཐོབ་ཐབས་ལ་ཤུགས་ཆེའི་རྒྱ བ་སྐྱོར་མཛད་གནང་ཡོད་སྐོར། ཁོང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོ འི་གནས་ཚུལ་ཐོན་མ་ཐག་བོད་མིའི་ སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལས་ མཚམས་བཞག་སྟེ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ ཚོགས་གནང་བའི་སྐོར། ལིའུ་ཞའོ་པོ་དམ་པ་ཁོང་ང་ཚོ་དང་གཏན་དུ་བྲ ལ་ཟིན་ན་ཡང་། ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་ གཞན་ཕན་གྱི་དགོངས་པ་དང་། སྙིང་སྟོབས་སོགས་འཛིན་སྐྱོང་ དར་སྤེལ་གནང་རྒྱུ་ནི་ཧ་ཅང་གི་ གལ་ཆེ་ཡིན་པ་བཅས་ཀྱི་སྐོར་གསུང་ ནས་ལིའུ་ཞའོ་པོ་ཡི་ཞུམ་པ་མེད་ པའི་སྙིང་སྟོབས་དང་། ཀུན་ཁྱབ་རིན་ཐང་ལ་བརྩི་མཐོང་། སྤྱི་ལ་སྨན་པའི་ལྷག་བསམ་བཅས་ལ་ ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ལུས་སེམས་གཉིས་ཀྱི་དཀའ་ངལ་འཕྲད་ བཞིན་པའི་ཁོང་གི་སྐུ་ཟླ་ལིའུ་ཞྭ ་ལ་གསར་འགོད་པ་རྣམས་བརྒྱུད་ཐུ གས་གསོའི་འཚམས་འདྲི་ཡང་གནང་ཡོད།

བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི ་རྒྱ་རིགས་འབྲེལ་མཐུད་པ་ཀུན་ དགའ་བཀྲིས་ལགས་ཕེབས་བཅར་ཞུས་ཡོད་ པ་དང་། ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོ་ གྲུབ་རྗེས་ལིའུ་ཞའོ་པོ་ཡི་མཛད་ རྗེས་སྐོར་རྒྱ་སྐད་ནང་བགྲོ་གླེ ང་ཚོགས་འདུ་ཞིག་ཡོད་པ་དེར་རྒྱ་ རིགས་འབྲེལ་མཐུད་པ་མུ་མཐུད་མཉམ་ ཞུགས་གནང་ཡོད་པ་བཅས།།