༢༠༡༧ ཟླ་ ༡༢ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་རྒྱ་གར་ལྷོ་ཕྱོགས་མདྷ་ར་སི་གཙུག་ལག་སློབ་གཉེར་ཁང་ (University of Madras) གི་སྲིད་དོན་ཚན་རིག་དང་འཛིན་སྐྱོང་སྡེ་ཚན་ཐོག་སློབ་གཉེར་གནང་མཁན་སློབ་གཉེར་བ་ ༧༠ དང་སློབ་དཔོན་ནམ་ཆེད་ལས་པ་མི་གྲངས་ ༥ བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས།
བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་སྤྱི་ནོར་ᨊགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན། བོད་ཀྱི་ལོ་རྒྱུས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་སྤྱི་འཐུས་ཀྱི་གྲུབ་ཆ། རྒྱལ་སྤྱི་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ་མ་ཟད། འཕགས་བོད་གཉིས་དབར་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གང་ཅིའི་ཐད་ནས་འབྲེལ་བ་དམ་ཟབ་ཡོད་སྐོར་སོགས་ཞིབ་ཕྲ་གསལ་བཤད་གནང་བ་དང་སྦྲགས།
བོད་ཀྱི་གནད་དོན་གསལ་བའི་ཐབས་ལམ་མཆོག་ནི་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ཡིན་སྐོར་དང་། ཐབས་ལམ་དེ་ནི་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་ནས་གྲོས་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱེད་པ་ཞིག་ཡིན་སྟབས། སློབ་ཕྲུག་ཚོས་ཀྱང་ཡུལ་དུས་གནས་སྐབས་གང་འདྲ་ཞིག་ནང་ཡོད་ཀྱང་གོ་སྐབས་ནམ་བྱུང་སྐབས་ངེས་པར་དུ་བོད་མིིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་འདུག ཕྱོགས་མཚུངས་སློབ་ཕྲུག་ཚོའི་ངོས་ནས་ཀྱང་དོ་སྣང་ཆེན་པོས་གསན་འཇོག་གནང་འདུག་པ་བཅས།།