༢༠༡༧ ཟླ་ ༡༢ ཚེས ༢༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༦ ཉིན་སྤེལ་བའི་རྩ་འཛིན་བཀོད་ཁྱབ་ནང་འཁོད་དོན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལ་ཧི་མཱ་ཅལ་མངའ་སྡེའི་ནང་ཆགས་ཡོད་སྟབས། ཧི་མཱ་ཅལ་མངའ་གཞུང་དང་བོད་མིའི་སྒྲིག་འཛུགས་དབར་འབྲེལ་ལམ་དམ་ཟབ་དགོས་པ་བཞིན་ད་ཡོད་སིམ་ལ་ས་གནས་འགོ་འཛིན་ནས་གང་ལྕོགས་གནང་བཞིན་ཡོད་རུང་། མངའ་གཞུང་གི་ཆེས་མཐོའི་གནད་ཡོད་དཔོན་རིགས་ཁག་ཅིག་ནས་སིམ་ལར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་འབྲེལ་མཐུད་ལས་ཁུངས་ཚད་ལྡན་ཞིག་བྱུང་ན་གང་ཅིའི་དགེ་མཚན་ཆེ་གནས་ནང་དོན་སློབ་སྟོན་གནང་བཞིན་པ་བཅས་བཀའ་ཤག་ལྷན་ཚོགས་སུ་སྙན་སེང་བཀའ་བསྡུར་བྱུང་དོན། སིམ་ལ་ས་གནས་འགོ་འཛིན་གྱི་ལས་ཁུངས་དེ་བཞིན་ད་ནས་བཟུང་ནང་སྲིད་ཁྱབ་ཁོངས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ལ་སྤྱི་ལས་ཁུངས་གཉིས་ཀྱི་མཚན་བྱང་དང་གཅིག་མཚུངས་སིམ་ལ་སྤྱི་ཁྱབ་ལས་ཁུངས་ཞེས་དང་། ཨིན་སྐད་དུ་ Chief Representative Office, Shimla ཞེས་བསྒྱུར་བཅོས་དང་འབྲེལ་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༢ འཁོད་པའི་རྩ་འཛིན་བཀོད་ཁྱབ་ཡིག་ཨང་། བཀའ། ༡༢༦༣ (༦༢) ༢༠༡༧་་༢༠༡༨ དེ་བཞིན་ནུས་མེད་དུ་སོང་བའི་བཀོད་ཁྱབ་ཏུ།
བཀའ་ཤག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༦ ལ།།