ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༨ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཉིན་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲི་ཞུ་བ་ལུགས་མཐུན་བགྲེས་ཡོལ་དང་། བགྲེས་ཡོལ་སྔ་བསྣུར་ཕེབས་མཁན་ལ་རྗེས་དྲན་ལེགས་གསོལ་ཕྱག་འཁྱེར་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་བྱིན་ཅན་རེ་གནང་སྲོལ་ཡོད་པ་ལྟར། འདི་ལོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་ཟུར་པ་བསོད་ནམས་བསྟན་འཛིན་ལགས་དང་། བཀའ་ཡིག་ཁྱབ་ཁོངས་ལོ་རྒྱུས་འབྲི་རྩོམ་དང་བར་བརྒལ་ལས་བཀོད་ཚན་པའི་འགན་འཛིན་ཟུར་པ་༼ཚེ་འདས་༽མཛོད་ཚང་ཚེ་རིང་རྡོ་རྗེ་ལགས་ལ་དཔལ་ལྡན་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གནང་ཡོད།
༡༽དྲུང་འཕར་ཟུར་པ་བསོད་ནམས་བསྟན་འཛིན་ལགས་ནི། ཕྱི་ལོ་ ༡༩༨༡ ཟླ་ ༨ ཚེས་ ༡ ནས་གནས་བརྒྱད་པ་ཚོད་ལྟའི་ཐོག་དྲིལ་བསྒྲགས་རྒན་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༨༢ ཟླ་ ༩ ཚེས་ ༡༥ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༨༤ ཟླ་ ༨ ཚེས་ ༢༥ ནས་ཨོ་རི་ས་གཞིས་ཆགས་ཀྱི་སྐད་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༨༧ ཟླ་ ༢ ཚེས་ ༥ ནས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ལས་ཁང་གི་ཨིན་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༨༨ ཟླ་ ༨ ཚེས་ ༡༠ ནས་ལོ་གཉིས་རིང་ཨ་རིར་སློབ་བསྐྱོད།
ཕྱི་ལོ་ ༡༩༩༠ ཟླ་ ༨ ཚེས་ ༡༦ ནས་གནས་སྤར་གྱིས་ཨོ་རི་ས་གཞིས་འགོར་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་དྲུང་གཞོན་གནས་རིམ་ཐོག་བསྐོ་གཞག ཕྱི་ལོ་ ༡༩༩༤ ཟླ་ ༡༡ ཚེས་ ༢༥ ནས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༢༥ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༩ ཟླ་ ༣ ཚེས་ ༤ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༡ ནས་ཤར་ཡོ་རོབ་སྐུ་ཚབ་དོན་གཅོད་དུ་གནས་སྤོས།
ཕྱི་ལོ་ ༢༠༠༥ ཟླ་ ༤ ཚེས་ ༡༦ ནས་བཀའ་དྲུང་ཡིག་ཚང་ཁྱབ་ཁོངས་ངེས་མེད་སྡེ་ཚན་གྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༡༧ ནས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དུ་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་ ༨ ཚེས་ ༡ ནས་ཟུང་དྲུང་གནས་རིམ་དུ་གནས་ཕབ། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ནས་མོན་གྷོ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༨ ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༧ ནས་དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༧ ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༧ ནས་བཀའ་དྲུང་ཡིག་ཚང་དུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡ ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༡ ནས་བགྲེས་ཡོལ་སྔ་བསྣུར་བཀའ་འཁྲོལ་ཞུས་འཁྲོལ་གྱིས་ཁྱོན་མི་ལོ་ ༣༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༢༽ དྲུང་འཕར་ཟུར་པ་ཚེ་འདས་མཛོད་ཚང་ཚེ་རིང་རྡོ་རྗེ་ལགས་ནི། ཕྱི་ལོ་ ༡༩༨༣ ཟླ་ ༡ ཚེས་ ༡ ནས་ཚོད་བལྟའི་ཐོག་སིམ་ལ་བདེ་དོན་ལས་དྲུང་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༨༤ ཟླ་ ༥ ཚེས་ ༢༠ ནས་གནས་དགུ་པ་ལས་ངོར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༨༥ ཟླ་ ༢ ཚེས་ ༡ ནས་ལས་བྱེད་བདག་གཉེར་ཁང་གི་དངུལ་རྩིས་དོ་དམ་པར་བསྐོ་གཞག ཕྱི་ལོ་ ༡༩༨༦ ཟླ་ ༡༡ ཚེས་ ༡ ནས་གནས་བརྒྱད་པར་གནས་སྤར་གྱིས་མན་སྤར་རུམ་བཟོའི་འགན་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༡ ཟླ་ ༨ ཚེས་ ༡ ནས་སྦིར་བོད་ཚོགས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༤ ཚེས་ ༡༥ ནས་བཀའ་ཡིག་རྒན་དྲུང་དུ་གནས་སྤོས། ཕྱི་ལོ་ ༩༩༩༢ ཟླ་ ༨ ཚེས་ ༡ ནས་དྲུང་གཞོན་ལས་རོགས་སུ་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༤ ནས་དྲུང་ཆེ་གཞོན་པར་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༨ ཚེས་ ༢༣ ནས་བཀའ་ཡིག་དྲུང་གཞོན་དུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༡༩༩༩ ཟླ་ ༡ ཚེས་ ༣༠ ནས་ཟུང་འབྲེལ་དྲུང་ཆེར་གནས་སྤར་གྱིས་བཀའ་ཡིག་ཟུང་དྲུང་དུ་བསྐོ་གཞག ཕྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༥ ནས་དྲུང་འཕར་གནས་རིམ་ཐོག་གནས་སྤར། ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༢༦ ནས་བཀའ་ཡིག་ངེས་མེད་ལས་གཞི་སྡེ་ཚན་གྱི་དྲུང་འཕར་ས་མིག་ཐོག་བཀའ་དྲུང་ཡིག་ཚང་གི་དྲུང་ཆེ་ལས་འཕར་གྱི་ལས་འགན་ཐོག་བསྐོ་གཞག ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡ ནས་ལོ་གཅིག་རིང་བགྲེས་ཡོལ་ཕྱིར་འགྱངས། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༩ ནས་བཀའ་ཡིག་ཁྱབ་འོག་ལོ་རྒྱུས་འབྲི་རྩོམ་ཚན་པའི་འགན་འཛིན་གྱི་ལས་འགན་དུ་བསྐོ་གཞག ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ ནས་སླར་ཡང་ལོ་གཅིག་རིང་བགྲེས་ཡོལ་ཕྱིར་འགྱངས། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༤ ནས་ལོ་རྒྱུས་འབྲི་རྩོམ་ཚན་པའི་འགན་འཛིན་ལས་འགན་ཐོག་སྔ་འཕྲོས་བར་བརྒལ་ལས་བཀོད་ཚན་པའི་འགན་འཁུར་གཅིག་ལྕོགས་སུ་བསྐོ་གཞག ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ནས་མཐའ་མའི་ལོ་གཅིག་རིང་བགྲེས་ཡོལ་ཕྱིར་འགྱངས། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ནས་བགྲེས་ཡོལ་བཀའ་འཁྲོལ་ཞུས་འཁྲོལ་གྱིས་ཁྱོན་མི་ལོ་ ༣༢ ལྷག་སྲི་ཞུའི་ཞབས་འདེགས་ཞུས། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༦ ཉིན་འདས་གྲོངས་སུ་གྱུར།།