ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༩ ནས་ ༢༣ བར་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཡི་དམ་རྟ་མགྲིན་ཡང་གསང་གི་བཀའ་དབང་དང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་རྭ་དབུ་འབྱེད་མཛད་སྒོ་དང་ལྷན་རྟེན་འབྲེལ་བསྟོད་པའི་བཀའ་ཆོས། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་བསླབ་པ་རིམ་ཐོན་རྣམས་ལ་ལག་འཁྱེར་འབུལ་རྒྱུའི་མཛད་སྒོར་སྐུ་མགྲོན་དུ་མགྲོན་འབོད་བཞིན་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་བཅས།།