ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༣ ཉིན་རྒྱབ་ནས་ཚེས་ ༡༥ བར་ཨ་རི་དང་། ལྡི་ལི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་ལྡི་ལི་ནས་ཨ་རི་ལྦ་ཤིན་ཊོན་ཌི་སིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༦ ཉིན་རྒྱབ་ནས་ཚེས་ ༨ ཉིན་གྱི་སྔ་དྲོ་བར་ས་གནས་སུ་ལས་འཆར་དང་། དེ་ནས་ཚེས་ ༨ ཉིན་རྒྱབ་ཌི་སི་ནས་ནིའུ་ཡོག་ཕེབས་ཐོན་གྱིས་ཉིན་གསུམ་རིང་ས་གནས་སུ་ལས་འཆར། ཕྱི་ཚེས་ ༡༡ ཉིན་ཨ་རི་ནིའུ་ཡོག་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༣ དང་ ༡༤ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལས་འཆར་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས་ཕྱི་ཚེས ༡༥ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།