༢༠༡༧ ཟླ་ ༡༢ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འོག་མའི་གནད་ཡོད་མི་སྣ་ཁག་ཅིག་དང་། རྒྱ་གར་གྱི་མཁས་དབང་ཁག་ཅིག་མཇལ་འཕྲད་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་གྱི་སྔ་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣༠ ཉིན་རྒྱབ་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་དང་། དེ་བཞིན་རྒྱ་གར་གྱི་མཁས་དབང་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ།
ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་༢ དང་ ༣ ཉིན་གཉིས་རིང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་དང་ལྷན་རྒྱ་གར་གྲོས་ཚོགས་འོག་མའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།