༢༠༡༧ ཟླ་ ༡༢ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༡༢ པའི་ཚེས་ ༥ ཉིན་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་ Los Angeles གནམ་ཐང་དུ་ཕེབས་འབྱོར་གནང་བ་དང་བོད་རིགས་ཚོགས་པའི་ཚོགས་གཙོ་སྤྱི་ཟུར་བསྟན་འཛིན་ཆོས་ལྡན་ལགས་དང་བོད་རིགས་ཚོགས་པའི་རྒྱུན་ལས་ནས་ཕེབས་བསུ་ཟབ་རྒྱས་ཞུས་འདུག
ཕྱི་ཚེས་ ༦ དགོང་མོ་དེར་བོད་རིགས་རྣམས་དང་ཐུག་འཕྲད་ཀྱིས་ཚོགས་གཙོ་མཆོག་ནས་ཐེངས་འདིར་ས་གནས་སུ་ཕྱོགས་བསྐྱོད་ལས་རིམ་སྐོར་དང་། བོད་ནང་གི་བོད་མིའི་གནས་སྟངས་ངོ་སྤྲོད་། བཙན་བྱོལ་བོད་མི་རྣམས་ཀྱིས་གཞན་དབང་སྟབས་བསྟུན་མི་དགོས་པར་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་གོམས་གཤིས་རྣམས་བོད་མིའི་རང་ངོས་ནས་རྒྱུན་འཛིན་ཤུགས་གནོན་གནང་ཐུབ་གནང་དགོས་སྐོར།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་དང་དགོངས་གཞི་གཞིར་བཟུར་བོད་མིར་མང་གཙོ་གསོལ་བསྩལ་གནང་བ་འདི་ཉིད་ཕུགས་རྒྱང་རིང་པོའི་བོད་ཀྱི་བདེན་དོན་འཐབ་རྩོད་སོགས་ཀྱི་ནུས་པ་རྒྱུན་སྲིང་ཐུབ་དགོས་པ་། དེ་བཞིན་བོད་དོན་འཐབ་རྩོད་ཐོག་ལའང་སེམས་ཤུགས་བསྐྱེད་པའི་ཐོག་ནས་བོད་མི་རིགས་རྣམས་མི་རིགས་ཆེན་པོའི་ངོ་བོར་མ་ཐིམས་པ་ཁྱད་ཆོས་རྣམས་དམིགས་བསལ་ཐོན་ཐུབ་པ་བྱེད་དགོས་སྐོར་། བོད་མིའི་ཆིག་སྒྲིལ་གྱི་ཀུན་སློང་དང་ནུས་པ་ནམ་ཡང་མ་རླག་པར་གནས་ཐུབ་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས་དྲི་བ་རྣམས་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཕྱི་ཚེས་ ༧ ཉིན་ནིའུ་ཡོག་ New York ཏུ་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས།།