ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༥ ནས་ ༡༧ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་། ཨ་རིའི་གྲོང་ཁྱེར་ཁག་གཅིག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྡ་ས་ནས་ཕེབས་ཐོན་གནང་རྒྱུ་དང། ཕྱི་ཚེས་ ༥ ཉིན་ལྡི་ལི་ནས་ཨ་རིའི་གྲོང་ཁྱེར་ལོ་སི་ཨེན་ཇི་ལི་སིར་ Los Angeles ཕེབས་ཐོན་གནང་རྒྱུ་། ཕྱི་ཚེས་ ༦ ཉིན་ས་གནས་སུ་ལས་འཆར། ཕྱི་ཚེས་ ༧ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༨ ནས་ ༡༠ བར་ས་གནས་སུ་ལས་འཆར་དང། ཕྱི་ཚེས་ ༡༠ ཉིན་བོད་དོན་གདུང་སེམས་མཉམ་སྐྱེའི་གཞི་རྒྱ་ཆེ་བའི་ལས་འགུལ་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༡ ཉིན་རྒྱལ་ས་ཝ་ཤིང་ཊོན་ Washington དུ་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༡༢ ནས་ ༡༤ བར་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་དང་ས་གནས་སུ་ལས་འཆར། ཕྱི་ཚེས་ ༡༥ ཉིན་སན་ཕ་རན་སེ་སི་ཀོ་ San Francisco གྲོང་ཁྱེར་དུ་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༡༦ ཉིན་ས་གནས་སུ་ལས་འཆར། ཕྱི་ཚེས་ ༡༧ ཉིན་ཡུ་ཊ་མངའ་སྡེའི་རྒྱལ་ས་སལ་ལེག་ Salt Lake City,Utah ཀྱི་ས་གནས་སུ་ལས་འཆར། ཕྱི་ཚེས་ ༡༨ ཉིན་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ། ཕྱི་ཚེས་ ༢༠ ཉིན་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༡ ནས་ ༢༢ བར་ས་གནས་སུ་ལས་འཆར་དང། ཕྱི་ཚེས་ ༢༣ ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།།