༢༠༡༧ ཟླ་ ༡༢ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༦ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་ནས་གོ་སྒྲིག་ཞུས་པའི། རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་གསུམ་པ། ཞེས་པའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་དགོངས་པ་བཞེས་ཕྱོགས་ཐད་གསུང་བཤད་གནང་འདུག
དེ་ཡང་རྒྱ་གར། ཤིར་ལངྐ། ཝི་ཏི་ནམ། ཐ་ཡེ་ལེནཌ། བྷང་ལ་དེཤི། ཐེ་ཝན། ཨིན་ཡུལ་བཅས་ཀྱི་ནང་པའི་མཁན་པོ་དང་མཁས་དབང་། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་ཙམ་མ་ཟད། ར་སྟོད་གྲྭ་ཚང་། བྱེས་འཁོད་གདན་ས་བཀྲིས་ལྷུན་པོ། དཔལ་གསང་ཆེན་སྔ་འགྱུར་བའི་གདན་ས་ཆེན་མོ་
སྐབས་དེར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ ༢༡ སྐབས་འདིར་ཡུལ་དུས་གནས་སྐབས་དུ་མར་དགོངས་བཞེས་རླབས་པོ་ཆེ་མཛད་ཐོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གཏོང་གནང་མཛད་པ་བརྒྱུད་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་ཤིག་བསྐྲུན་ཐབས་མཛད་བཞིན་པའི་མཛད་མཆོག་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ Secular ethics ཞེས་པ་དེ་ནི་འགྲོ་བ་མི་རིགས་སྤྱིའི་གཞི་རྩའི་བཟང་སྤྱོད་གཞི་ལ་བཞག་པའི་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་གཅིག་ཡིན་པ་ལས་ཆོས་ལུགས་བྱེ་བྲག་པ་ཞིག་གི་ཐ་སྙད་དེ་འདྲ་གང་ཡང་མིན་སྐོར་སོགས་གསུངས་པ་དང་སྦྲགས།
ཐེངས་འདིར་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་གིས་༸རྒྱལ་བའི་བཀའ་དགོངས་ལམ་སྟོན་དང་མཐུན་པར་རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་དེ་ལྟ་བུ་གོ་སྒྲིག་གནང་ཐུབ་པར་ཡི་རངས་བསྔགས་བརྗོད་དང་། སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འབྲང་པ་ནང་པ་ཚོས་ནང་ཆོས་ཀྱི་བསླབ་བྱ་དེ་དག་བརྒྱུད་ནས་འཛམ་གླིང་ནང་གི་དཀའ་ངལ་མང་དག་ཅིག་སེལ་ཐུབ་རྒྱུའི་ནུས་པ་ལྡན་ཡོད་པར་བརྟེན། ནང་པའི་བསྟི་གནས་ཁང་ཁག་ལྷན་འཛོམས་ཀྱིས་བསམ་ཚུལ་བརྗེ་ལེན་མང་ཙམ་གནང་ཐུབ་ན་དགེ་མཚན་ཆེ་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།