༢༠༡༧ ཟླ་ ༡༡ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༧ ཉིན་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བྱང་ཤར་ཁུལ་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༨ ནས་ཟླ་ ༡༢ ཚེས་ ༡༠ བར་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་ཕྱི་ཚེས་ ༢༡ ཉིན་མོན་རྟ་དབང་དུ་ “Padmashree 19th Kushog Bakula Rinpoche and National Integration of Trans-Himalayas མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་གཏན་འཁེལ་བ་དང་།
དེ་ནས་རིམ་པས་བོད་མིའི་གཞིས་སྒར་བསྟན་འཛིན་སྒང་དང་། འབུམ་སྡེ་ལ། མེའོ་ཆོས་འཕེལ་གླིང་། ཀྲུ་ཀྲིང་། ཏི་ཛུ་དར་རྒྱས་གླིང་བཅས་སུ་ཕེབས་གཏན་འཁེལ་ཡོད་པ་བཅས།།