༢༠༡༧ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༥ ནས་ ༢༦ བར་ཉིན་གྲངས་གཉིས་རིང་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ (Harichan Sevak Sangh) ཚོགས་པས་བདག་ཉིད་ཆེན་པོ་གྷན་དིའི་ཨ་ཤི་རམ་ (Gandhi Ashram) ནང་གོ་སྒྲིག་ཞུས་པའི་ (All India Gandhian Constructive Worker’s Conference) ཞེས་པའི་ལྷན་ཚོགས་སུ་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༢༤ ཉིན་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༥ དང་ ༢༦ ཉིན་གཉིས་རིང་ལྷན་ཚོགས་ནང་མཉམ་ཞུགས་ཀྱིས་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་རྡ་སར་ཕྱིར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།