༢༠༡༧ ཟླ་ ༡༡ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༢ ཉིན་ལྡི་ལི་བརྒྱུད་དིབ་རུ་གྷར་དུ་ཕེབས་འབྱོར་གནང་རྒྱུ་དང་། དེ་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ཏེ་ཛུ་དར་རྒྱས་གླིང་བོད་མིའི་ གཞིས་ཆགས་ནང་ཆགས་པའི་ལྷ་དགོན་བྱང་ཆུབ་ཆོས་གླིང་གཙུག་ལག་ཁང་དབུ་འབྱེད་མཛད་ སྒོ་སོགས་ལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད། སྐབས་དེར་མངའ་སྡེའི་བློན་ཆེན་མཆོག་ཀྱང་ཆེད་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༢༣ ཉིན་ཏི་ཛུ་གཞིས་ཆགས་སུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་རིང་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༨ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་བཅས།