༢༠༡༧ ཟླ་ ༡༡ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པར་ལས་འཆར་བཀོད་སྒྲིག་པའི་ས་མིག་ཐོག་ཆོད་གན་ལས་བྱེད་གཅིག་དགོས་མཁོ་ཡོད་པ།
ས་མིག་ངོ་བོ། ལས་འཆར་བཀོད་སྒྲིག་པ། (ཆོད་གན།) Programme, Digital and Production Officer
ལས་ཡུན། ལོ་གཅིག ཆོད་གན་གྱི་ས་མིག་ ༡ ས་སྟོང་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་དེ་ཐོག་ཞུགས་འདོད་ཡོད་རིགས་རྣམས་ནས་འཚང་སྙན་ཕུལ་སྐབས་ཚང་དགོས་པའི་ཆ་རྐྱེན་ཁག་གཤམ་གསལ།
ས་མིག་གྲངས། ༡
དགོས་ངེས་ཆ་རྐྱེན།
ཀ༽ ཚོང་ལས་ཐོག་གཙུག་ལག་རམ་འབྱམས་པ་ (MBA) ཐོན་པ།
ཁ༽ བོད་ཨིན་སྐད་ཡིག་གཉིས་ཐོག་ཤེས་ཚད་རང་རྐྱ་འཕེར་བ།
ག༽ཉུང་མཐར་ལོ་གསུམ་ཉམས་མྱོང་ཡོད་པ།
ང་༽ རྒྱ་གར་ས་གནས་འདྲ་མིན་ནང་ཐེངས་མང་ཕྱོགས་བསྐྱོད་འགྲོ་དགོས་ཀྱང་གྲ་སྒྲིག་ཡོད་པ།
ལས་ཀའི་ངོ་བོ།
༡༽འགྲེམས་སྟོན་ཁང་འདི་ཉིད་ཤེས་ཡོན་གྱི་བསྟི་གནས་ཁང་ཞིག་ཏུ་འགྱུར་ཆེད་ཀློག་ལས་དང་ལག་སྩལ་བརྒྱུད་སྣེ་ཁྲིད་ཐུབ་མཁན།
༢༽ཡུལ་དུས་གནས་སྐབས་དང་འཚམས་པའི་འགྲེམས་སྟོན་གྱི་ལས་འཆར་བཀོད་སྒྲིག་གནང་ཐུབ་མཁན།
༣༽ འགྲེམས་སྟོན་ཁང་གཞན་དང་། དེ་བཞིན་སློབ་གྲྭ། ཚོགས་པ་ཁག་དང་མཉམ་རུབ་ཐོག་ལས་དོན་གོ་སྒྲིག་གནང་ཐུབ་མཁན།
༤༽རྒྱ་གར་རམ་ཕྱི་རྒྱལ་དུ་རྟེན་གཞི་བྱས་པའི་འགྲེམས་སྟོན་ཁང་དང་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་། ཤེས་ཡོན་གོང་མཐོར་གཏོང་དགོས་པ།
༥༽འཕྲལ་སེལ་ལམ་ཡང་ན་བསྐོར་བསྐྱོད་འགྲེམས་སྟོན་གྱི་ལས་གཞིའི་འོག་གནའ་བོའི་རིག་གནས་ཤུལ་བཞག་དང་། སྒྱུ་རྩལ་རིག་གནས་གཅེས་སྐྱོང་ཡར་རྒྱས་གོང་སྤེལ་གཏོང་ཐབས་ཆེད་ལས་འཆར་བཀོད་སྒྲིག་བྱ་རྒྱུ།
༦༽འགྲེམས་སྟོན་ཁང་གསར་པའི་ལས་གཞིའི་ཆེད་སློབ་སྟོན་པ་དང་ལྷན་འགྲེམས་སྟོན་གྱི་བརྗོད་གཞི། པར་རིས་ཀྱི་བཀོད་པ་སྒྲིག་སྟངས་གོ་བསྡུར་གནང་དགོས་པ།
༧༽འགྲེམས་སྟོན་ལས་གཞི་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་དང་། ཡིག་ཆ་པར་འགྲེམས། དྲིལ་བསྒྲགས་སྦྱར་ཡིག་སོགས་གོ་སྒྲིག་གནང་དགོས་པ།
༨༽གཞུང་སྒེར་ཚོགས་སྡེ་ཁག་ནས་འགྲེམས་སྟོན་ལས་གཞིའི་ཆེད་རོགས་དངུལ་ཐབས་འཚོལ་ཞུ་དགོས།
༩༽ དྲིལ་བསྒྲགས་དང་། རོགས་དངུལ་ཐབས་འཚོལ་ལས་གཞི། མཉམ་རུབ་ལས་གཞི་སྤེལ་རྒྱུ།
༡༠༽རྒྱལ་རབས་ལོ་རྒྱུས་ཀྱི་དཔེ་དེབ་དང་ལག་རྟགས་སོགས་པར་འགྲེམས་བྱ་རྒྱུ།
༡༡༽རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲེམས་སྟོན་ལས་གཞི་དང་འབྲེལ་བའི་ཚོགས་འདུ་སོགས་ནང་མཉམ་ཞུགས་དགོས་པ་མ་ཟད། མཁས་ལས་པའི་ཚོགས་པ་གཞན་གྱི་ཚོགས་མིའི་ཁོངས་སུ་འཛུལ་ནས་འགྲེམས་སྟོན་ཡར་རྒྱས་དང་རྒྱ་སྐྱེད་གཏོང་རྒྱུའི་གོ་སྐབས་འཚོལ་ཐུབ་མཁན།
༡༢༽འགྲེམས་སྟོན་གྱི་ལས་གཞི་ཡར་རྒྱས་སྤྱི་དང་། ལྷག་པར་མཛད་སྒོ་སོགས་དུས་ཚོད་དམིགས་བསལ་སྐབས་བརྗོད་གཞི་བྱེ་བྲག་པའི་ཐོག་འགྲེམས་སྟོན་ཁང་ནས་གཏམ་བཤད་གོ་སྒྲིག་ཞུ་རྒྱུ་དང་། དེ་བཞིན་ཟབ་སྦྱོང་སོགས་གོ་སྒྲིག་གནང་དགོས།
༡༣༽འགྲེམས་སྟོན་ཁང་ནང་ཕེབས་མཁན་སློབ་ཕྲུག་གམ་མི་མང་དཀྱུས་མ། དེ་བཞིན་དམིགས་བསལ་དོན་གཉེར་བ་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏོང་ཆེད་ལས་གཞི་སྤེལ་ཐུབ་མཁན།
༡༤༽སྒྱུ་རྩལ་བ་དང་། ལོ་རྒྱུས་སྨྲ་བ་སོགས་དང་མཉམ་རུབ་ཐོག་གཏམ་བཤད་དང་ཟབ་སྦྱོང་གོ་སྒྲིག་གནང་དགོས་པ།
༡༥༽སློབ་གྲྭ་དང་ཚོགས་པ་ཁག་གི་རེ་འདུན་ལྟར་ས་གནས་སུ་ལོ་རྒྱུས་རྗེས་དྲན་གྱི་འགྲེམས་སྟོན་ལས་གཞི་སྤེལ་རྒྱུ་དང་།
༡༦༽ཤེས་ཡོན་བསྟི་གནས་ཁང་སོགས་ནང་འགྲེམས་སྟོན་ལས་གཞི་སྤེལ་ནས་འབྲེལ་བ་མུ་མཐུད་རྒྱུན་སྐྱོང་ཐོག་གྲུབ་འབྲས་གང་ལེགས་ཡོང་ཐབས་གནང་དགོས།
༡༧༽ད་ལྟ་འགྲེམས་སྟོན་ཁང་གི་ཡིག་ཆ་དང་པར་རིས་རྣམས་ཀློག་ཀླད་ཐོག་འཇོག་དགོས་པ།
གོང་གསལ་ས་མིག་ཐོག་ཆ་རྐྱེན་ཚང་རིགས་ནས་རང་ཉིད་ཀྱི་འཚང་སྙན་མཉམ་གཤམ་འཁོད་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་སུ་རུང་གིས་དག་མཆན་ལས་ཐམ་འཁོད་པ་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཚོུད་ ༥ འགྱངས་མེད་གཤམ་འཁོད་ཁ་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ།
༡། ཡིག་རྒྱུག་ཨང་ཐོབ་དང་། ལག་འཁྱེར་ (Marks Sheet and Degree Certificate) གྱི་ངོ་བཤུས།
༢། དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་བུ་དང་པོ་དང་གཉིས་པ། སྒྲིག་མཐུན་དཔྱ་དངུལ་འབུལ་འབབ་ཕྱི་ལོ་ ༢༠༡༦།༡༢།༣༡ བར་གཙང་ཕུལ་ཟིན་པའི་དཔྱ་དེབ་ཀྱི་ཤོག་གྲངས་མཐའ་མའི་ངོ་བཤུས།
༣། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ (RC) གྱི་ཤོག་གྲངས་དང་པོ་དང་ཁྲིམས་མཐུན་དུས་འགྱངས་ཞུས་པའི་ཤོག་བུ་མཐའ་མའི་ངོ་བཤུས།
༤། སྡེ་ཚན་གཞན་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ་ཡོད་དགོས།
ལོ་ཚད། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༠ རང་ལོ་ ༢༥ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས།
ཕོགས་ཐོབ་དང་ཁེ་ཕན་གཞན། དྲུང་ལས་གནས་རིམ་དང་མཉམ་པ།
སྐྱེས་ཚེས་ལག་འཁྱེར་གྱི་ངོ་བཤུས་ཡང་ན་འཛིན་རིམ་བཅུ་པ་ཡིག་རྒྱུག་འཕྲོས་པའི་ལག་འཁྱེར་གྱི་ངོ་བཤུས།
དོ་བདག་སོ་སོར་འབྲེལ་བ་གནང་བདེའི་སླད་ཁ་བྱང་དང་། གློག་འཕྲིན།(email) ཁ་པར་ཨང་ (Phone) བཅས་འཚང་སྙན་ནང་ཁ་གསལ་དགོད་དགོས། དུས་བཀག་ནང་ཚུད་ཕུལ་འབྱོར་ཟིན་པའི་འཚང་སྙན་ཁག་ལ་འདི་ནས་ཞིབ་འཇུག་དང་སྦྲགས་འོས་ཆོས་ལྡན་པ་ཚོར་མཐའ་མའི་ངག་རྒྱུགས་ཆེད་བརྡ་ལན་འབུལ་རྒྱུ་ཡིན་ན། ངག་རྒྱུགས་སྐབས་ལག་འཁྱེར་དང་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་དགོས་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ།
Secretary (Information)
Department of Information and International Relations, CTA
Gangchen Kyishong
Dharamshala 176215
District Kangra, H.P.