༢༠༡༧ ཟླ་ ༡༠ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༤ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཉེ་འགྲམ་དརྨ་ཤཱ་ལའི་གཞུང་གི་མཐོ་སློབ་ཏུ་ཚན་རིག་དང་ཆོས། འཛམ་གླིང་ཞི་བདེའི་སྐོར་གྱི་རྒྱ་གར་རྒྱལ་ཡོངས་ལྷན་ཚོགས་ཐོག་སྐུ་མགྲོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་གཏན་འཁེལ་འདུག
དེ་ཡང་ཐེངས་འདིར་ལྷན་ཚོགས་གོ་སྒྲིག་ཞུ་མཁན་ཧར་ཡ་ན་མངའ་སྡེའི་ཀར་ནཱལ་རྫོང་ནང་རྟེན་གཞི་བྱས་པའི་རྒྱ་གར་གནའ་རབས་ཧིན་དུའི་ཆོས་ལུགས་ཀྱི་རིག་འབྱེད་མཐའ་པའི་ལྟ་གྲུབ་རྗེས་འཛིན་པ་ Bhakti Vedanta ཞེས་པའི་བསྟི་གནས་ཁང་ཡིན་འདུག་ཅིང་། ལྷན་ཚོགས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་མཛད་སྒོའི་སྐུ་མགྲོན་དུ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།