༢༠༡༧ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཕུར་བུའི་སྔ་དྲོ་
དེ་ཡང་གོང་ཚེས་ཉིན་མ་སུ་རི་གཏན་སློབ་ཀྱི་སློབ་
ལྷག་པར་དེ་སྔའི་བོད་ཀྱི་མཁས་
དེ་ཡང་མ་
ཕྱོགས་མཚུངས་དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྲིད་སྐྱོང་མཆོག་གིས་མ་སུ་རི་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་གནང་ནས་མ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་དྲུང་ཆེ་ཀརྨ་ཆུང་བདག་ལགས་དང་། སློབ་སྤྱི། དགེ་ལས་སློབ་ཕྲུག་ཚང་འཛོམས་ཐོག་གསུང་བཤད་གནང་ཡོད། སྐབས་དེར་ཐོག་མར་སྤྱི་ཁྱབ་དྲུང་ཆེས་ངོ་སྤྲོད་གསུང་བཤད་གནང་།
སྤྱིར་དཔལ་ལྡན་སྲིད་སྐྱོང་མཆོག་མཛད་བྲེལ་ཆེན་པོ་ཡོད་ཀྱང་ཐེངས་འདིར་མ་སུ་རི་བོད་ཁྱིམ་དུ་ཆེད་ཕེབས་གནང་བར་མ་སུ་རི་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེང་སང་རྒྱ་གར་ནས་ཕྱི་རྒྱལ་དུ་བོད་པ་མང་པོ་འགྲོ་བཞིན་འདུག ཕྱི་རྒྱལ་དུ་འཚར་ལོངས་བྱེད་མཁན་གྱི་གཞོན་སྐྱེས་ཚོ་བོད་ཀྱི་སྐད་ཡིག་མ་ཤེས་པའི་ཐོག་ནང་ཆོས་ཀྱང་ཤེས་ཀྱི་མེད། དེར་བརྟེན་བོད་མི་རིགས་ཀྱི་ངོ་བོ་གང་ཡིན་ཤེས་རྟོགས་མ་ཐུབ་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད།
བོད་མི་མང་པོ་ཕྱི་རྒྱལ་དུ་འགྲོ་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས་ངོས་ནས་གང་བྱེད་དགོས་ཀྱི་འདུག་ཅེས་དྲི་བ་སླེབ་བཞིན་ཡོད། ང་ཚོ་བོད་མི་རིགས་ཙམ་མ་ཟད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པར་བརླག་རྒྱུའི་ཉེན་ཁ་ཡོད།
དེར་བརྟེན་ཁྱེད་རང་ཚོ་སློབ་སྦྱོང་བྱེད་པའི་སྐབས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། དེ་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་སློབ་སྦྱོང་དང་དོ་སྣང་གནང་དགོས། ང་ཚོ་རྒྱལ་ཁབ་གཞན་གྱི་སློབ་ཕྲུག་དང་མི་འདྲ་བར་བོད་ཀྱི་རྩ་དོན་རྩོད་བཞིན་ཡོད། བོད་ཀྱི་རྩ་དོན་རྩོད་སྐབས་ལས་འགན་འཕར་མ་ཞིག་ཁྱེད་རང་ཚོར་ཡོད། ལས་འགན་མང་བ་དང་ཆེ་བ་ཡོད་སྟབས་སློབ་སྦྱོང་ལ་དོ་སྣང་དང་ཧུར་བརྩོན་མང་བ་བྱེད་དགོས། ང་ཚོས་སློབ་སྦྱོང་མ་བྱེད་ན་རྒྱལ་ཁབ་ཤོར་བ་དེ་བརླག་ངེས་དང་། ང་ཚོར་རིག་གཞུང་ཡོད་པ་དེ་བརླག་འགྲོ་ངེས་རེད། དེར་བརྟེན་ང་ཚོར་དམིགས་བསལ་གྱིས་ལས་འགན་ཆེན་པོ་ཞིག་ཡོད།
ཁྱེད་ཚོ་སློབ་ཕྲུག་རྣམས་ནས་ཐ་མ་ཁ་དང་ཉལ་ཐག་འཐེན་རྒྱུ་མེད། འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས། དེ་བཞིན་དེང་སང་གཞོན་སྐྱེས་ཚོ་ལག་ཐོགས་ཁ་པར་ཐོག་དུས་ཚོད་འཕྲོ་བརླག་གཏོང་བཞིན་འདུག དེར་བརྟེན་དུས་ཚོད་འཕྲོ་བརླག་མ་གཏང་བར་སློབ་སྦྱོང་ཐོག་ཧུར་བརྩོན་བྱས་པ་བརྒྱུད་རང་གི་རྐང་པའི་སྟེང་ཧྲ་ཏག་ཏག་ལངས་ཏེ་བོད་ཀྱི་རྩ་དོན་ཆེད་ཞབས་འདེགས་བསྒྲུབ་དགོས་པ་དང་། གལ་སྲིད་སློབ་སྦྱོང་ཐོག་ཧུར་བརྩོན་མ་བྱས་ན། མི་ཚེ་དོན་དང་ལྡན་པ་ཡོང་གི་མེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་སེམས་འགུལ་ཐེབས་སླད། རང་ཉིད་ཨ་རིའི་མཐོ་སློབ་ཏུ་ཁྲིམས་ཀྱི་སློབ་སྦྱོང་བྱས་པའི་བརྒྱུད་རིམ་སྐོར་དང་། དེ་བཞིན་སྲིད་སྐྱོང་འོས་བསྡུའི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད་པ་བཅས།།