༢༠༡༧ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །རྡ་ས་གངས་སྐྱིད་ལས་བྱེད་གསོལ་ཁང་དུ་མ་བྱན་ལས་རོགས་དང་གཙང་བཟོ་གཅིག་ལྕོགས་ཀྱི་ས་མིག་སྟོང་པ་གཅིག་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཐོག་ལས་བྱེད་དུ་ཞུགས་བློ་ཡོད་རིགས་ནས་ ༢༠༡༧ ཟླ་ ༡༡ ཚེས་ ༣༠ ཕྱི་དྲོ་ཚོུད་ ༥་༠༠ འགྱངས་མེད་དཔལ་འབྱོར་ལས་ ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་འཚང་སྙན་དང་ཡིག་ཆ་ཁག་ཕུལ་འབྱོར་ཟིན་པ་དགོས།
དགོས་ངེས་ཆ་རྐྱེན།
༡། བོད་ཀྱི་ཡུལ་མི་རང་ལོ་ ༢༡ ནས་མི་ཉུང་ཞིང་ ༤༧ ལས་མ་བརྒལ་བ།
༢། ལོ་གསུམ་རིང་སྤྱི་སྒེར་ཚོགས་པ་གང་རུང་ནས་མ་བྱན་ལས་རོགས་སམ་གཙང་བཟོའི་ལས་འཁུར་ཞུས་མྱོང་ཡོད་པར་དམིགས་བསལ་དགོངས་བཞེས་གནང་རྒྱུ།
༣། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཟིནཔའི་ངོ་བཤུས་དང་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ བར་ཕུལ་ཟིན་པའི་ངོ་བཤུས་བཅས་ཀྱི་སྟེང་ས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་གྱི་དག་མཆན་འཁོད་པ།
༤། གཅོད་ནད་མེད་པ་དང་གཟུགས་གཞི་བདེ་ཐང་ལས་འཕེར ཡིན་པའི་སྨན་པའི་ཚད་ལྡན་ནས་ངོ་སྦྱོར་ངོ་མ།
༥། རྒྱུན་དུ་བྱ་སྤྱོད་ཉཻས་སྐྱོན་མེད་པའི་ས་གནས་འགོ་འཛིན་ནས་རྒྱབ་གཉེར་ངོས་སྦྱོར་ངོ་མ།
༦། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དག་ཆ་མེད་པའི་ངོས་སྦྱོར་ངོ་མ།
༧། དོ་བདག་སོ་སོར་འབྲེལ་ཞུ་བདེའི་སླད་ཁ་བྱང་། གློག་འཕྲིན། ཁ་པར་ ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དགོས།
གོང་གསལ་ས་དམིགས་ཐོག་གདམས་བསྒྲུག་བྱུང་རྗེས་ཟླ་དྲུག་རིང་ཚོད་ལྟ་དང་། དེ་རྗེས་ལོ་གཉིས་རིང་ཆོད་གན་ཐོག་བསྐོ་གཞག་རྗེས་བབ་གཟིགས་ཀྱིས་ལས་བྱེད་གསོལ་ཁང་གི་ལས་བྱེད་ངོ་མར་བསྐོ་གཞག་གནང་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ།
དཔལ་འབྱོར་ལས་ཁུངས་ནས་ ༢༠༡༧ ཟླ་ ༡༠ ཚེས་ ༡༡ ལ།།
Secretary
Department of Finance
Central Tibetan Administration
Gangchen Kyishong, Dharamsala-176215
Distt. Kangra(H.P)
Tel: +91-1892-223738 / 222487
Fax: +91-1892-222349
E-mail: financ