༢༠༡༧ ཟླ་ ༡༠ ཚེས་ ༣ རེས་གཟའ་མིག་དམར།
༄༅།།འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་རེས་གཟའ་ཟླ་བའི་ཉིན་རྡོ་ལན་ཇི་བོན་གཞིས་དཔལ་གཤེན་བསྟན་སྨན་རི་གླིང་དགོན་དུ་ཞྭ་དཀར་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་དམ་པ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གྱི་མཛད་སྒོར་ཆེད་བཅར་ཞུས་ཡོད།
དེ་ཡང་ཕྱི་ཚེས་ ༢ ཀྱི་སྔོ་དྲོ་ཆུ་ཚོད་ ༣།༣༠ ནས་ ༦།༠༠ བར་སྐུ་གདུང་རིན་པོ་ཆེར་གནད་ཡོད་མི་སྣ་དང་། དགེ་འདུན་པ། དེ་བཞིན་དད་ལྡན་མང་ཚོགས་རྣམས་ནས་གདུང་མཇལ་ཞུས་རྗེས་ཆུ་ཚོད་ ༦།༣༠ ཐོག་གདུང་མཆོད་ཕུལ།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག དེ་བཞིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་
ཐེངས་འདིར་སྐུ་གདུང་ཞུགས་འབུལ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་དང་། བོན་གཞིས་ས་གནས་འགོ་འཛིན། དེ་བཞིན་དགོན་སྡེ་ཁག་དང་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་མཇལ་བཅར་ཞུས་ཡོད་པ་བཅས།།