ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མ་ནིའི་སྲིད་བློན་ལས་ཐོག་ལྕམ་སྐུ་ཨེན་གེ་ལ་མར་ཀེལ་ Angela Merkel མཆོག་ཇར་མ་ནིའི་སྲིད་བློན་འོས་བསྡུའི་ནང་རྒྱལ་ཁ་ཐོབ་སྟེ་སླར་ཡང་སྲིད་བློན་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ཐེངས་འདིའི་སྲིད་བློན་འོས་བསྡུ་ནང་སྐུ་ཉིད་ལ་རྒྱལ་ཁ་ཐོབ་པ་དེས་སྐུ་ཉིད་ཀྱི་ལྟ་གྲུབ་དང་ཕུགས་བསམ། དེ་བཞིན་མི་མང་གི་མངོན་འདོད་བསྒྲུབས་པའི་འབྲས་བུ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་ཟད། སྐུ་ཉིད་ཀྱིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་སྲ་བརྟན་དང་ནུས་སྟོབས་ཀྱི་འགོ་ཁྲིད་འདྲེན་པ་དེས་ཇར་མ་ནི་རྒྱལ་ཁབ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ཡོངས་ལ་རེ་བ་དང་སེམས་སྐུལ་གྱི་སྒྲོན་མེ་ཞིག་བསྐྲུན་ཡོད། ངོས་ཀྱིས་ཡུ་རོབ་སྤྱི་མཐུན་ཚོགས་པར་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། ཡུ་རོབ་སྤྱི་མཐུན་ཚོགས་པས་ཚོགས་མི་རྣམས་ཀྱི་བདེ་སྡུག་སླད་གལ་གནད་ཆེ་བར་བརྩི་བ་དང་། ངོས་ཀྱིས་འཆར་གྲུ་མཉམ་འདེགས་ཀྱི་སྙིང་སྟོབས་དེ་འབྱུང་འགྱུར་ཨཕ་རི་ཀའི་ནང་གི་ཚོགས་པ་ཁག་དང་། ལེ་ཌིན་ཨ་མི་ར་ཀ། དེ་བཞིན་ཨེ་ཤི་ཡ་ནང་འཛམ་གླིང་ཞི་བདེ་དང་ཕུན་སུམ་ལྡན་པ་བསྐྲུན་རྒྱུའི་སླད་ཡོང་ཐུབ་པའི་རེ་བ་ཡོད། ཅེས་འཁོད་འདུག
སྤྱིར་ཨེན་གེ་ལ་མར་ཀེལ་མཆོག་ནི་ཕྱི་ལོ་ ༢༠༠༥ ལོར་ཇར་མ་ནིའི་ཡུལ་གྱི་བུད་མེད་སྲིད་བློན་འོས་འདེམས་བྱུང་བ་ཐོག་མ་དེ་ཆགས་ཡོད།
༼གསུང་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།༽