ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་གསར་པ་ཞིག་བསྐོ་འཛུགས་མ་བྱུང་བར་དུ། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ལ་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༦ ཉིན་ནས་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པའི་ལས་འགན་འཕར་མ་བཀོད་སྒྲིག་བགྱིས་འདུག་པའི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ ༠༦ ལ། །