ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༦ དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་རིང་ཨ་རིའི་རྒྱལ་ས་ནིའུ་ཡོག་ཏུ་ཚོགས་གཏན་འཁེལ་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་འདུག གཞན་ཡང་བོད་རིགས་སྤྱི་མཐུན་ཚོགས་ཁག་ ༢༨ ནས་སྐུ་ཚབ་གྲངས་ ༦༣ མཉམ་ཞུགས་གནང་ཏེ་བོད་དང་བོད་མི། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་དེ་ཉིད་ཨ་རི་སྐུ་ཚབ་དོན་ཁང་དང་། ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་གནང་བཞིན་ཡོད་འདུག་པ་མ་ཟད། ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ཨ་རི་སྐུ་ཚབ་དོན་ཁང་ནས་ཐད་གཏོང་གནང་རྒྱུ་ཡིན་པ་དང་ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ་ནང་དུའང་ཐད་གཏོང་གནང་རྒྱུ་ཡིན་འདུག་པ་བཅས། །