༢༠༡༧ ཟླ་ ༩ ཚེས་ ༨ རེས་གཟའ་པ་སངས།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཟླ་ ༩ ཚེས་ ༩ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ ཐོག་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཟླ་ ༩ ཚེས་ ༡༠ ཉིན་མཛད་རིམ་ལྟར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པར་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་རྒྱུ། ཕྱི་ཚེས་ ༡༡ ཉིན་འབྲེལ་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༢ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག།