༢༠༡༧ ཟླ་ ༩ ཚེས་ ༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༨ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་ Germanདང་ཨི་ཊ་ལི་ Italian སྐད་ཡིག་ནང་ཏཱ་ལའི་བླ་མའི་དྲ་རྒྱ་དབུ་འབྱེད་གནང་ཡོད་པ་དང་། དེ་ཡང་འཇར་མན་དྲ་རྒྱའི་ཁ་བྱང་ནི་ de.dalailama.com ཡིན་པ་དང་། ཨི་ཊ་ལི་དྲ་རྒྱའི་ཁ་བྱང་ནི་ it.dalailama.com ཡིན་འདུག
སྤྱིར་ད་བར་ཏཱ་ལའི་བླ་མའི་དྲ་རྒྱ་དེ་བཞིན་བོད་སྐད་དང་། ཨིན་སྐད། ཧིན་སྐད། རྒྱ་སྐད། ཉི་ཧོང་སྐད། ཨུ་རུ་སུའི་སྐད། སོག་སྐད་བཅས་ནང་བཟོས་ཟིན་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་དང་མང་ཚོགས་བཀའ་སློབ་སོགས་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་པ་རྣམས་ངོ་དེབ་བརྒྱུད་འཛམ་གླིང་ཁྱོན་དུ་ཐད་གཏོང་གནང་མུས་ཡིན་འདུག
གཞན་ཡང་ཏཱ་ལའི་བླ་མའི་སྤྱི་ཚོགས་དྲ་རྒྱ་ཨིན་སྐད་ནང་ཡོད་པ་དཔེར་ན། Instagram དང་། ཡུ་ཊུབ། YouTube དེ་བཞིན་ཊུ་ཝི་ཊར་ Twitter ལྟ་བུར་མཚོན་ན་གཟིགས་མཁན་ས་ཡ་ ༡༤ ལྷག་ཡོད་འདུག་པ་བཅས།།