༢༠༡༧ ཟླ་ ༨ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྡ་ས་གངས་སྐྱིད་ཕྱི་དྲིལ་ལྷ
གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་གདོང་ལེན་བྱ་རྒྱུ་ནི་འགྲོ་བ་མིི་རིགས་སྤྱིའི་འགན་ཡིན་སྟབས། ཚང་མས་མཉམ་རུབ་ཐོག་ནས་འབད་བརྩོན་བྱེད་དགོས་པ་ཞིག་དང་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། བོད་འདི་དཔེ་མཚོན་ལྟ་བུར་འཇོག་ཆོག བོད་ཀྱི་ཁོར་ཡུག་གནས་སྟངས་ལ་གཞིགས་པས་ང་ཚོས་གང་བྱེད་དགོས་པ་དང་གང་བྱེད་ཐུབ་པའི་གནས་སྟངས་ཐད་བསམ་བློ་གཏོང་དགོས། ཕྱོགས་མཚུངས་སྐྱེ་ཁམས་ཁོར་ཡུག་འདི་འབྲེལ་བ་ཧ་ཅང་ཡོད།
སུ་ཝི་ཌེན་མི་མང་མང་པོ་ཞིག་རང་བྱུང་ཁོར་ཡུག་ལ་དགའ་མོས་ཧ་ཅང་བྱེད་མཁན་ཡིན། སྣོད་བཅུད་གཉིས་ཕན་ཚུན་ཧ་ཅང་བརྟེན་ནས་འཚོ་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་ཧ་ཅང་རྒྱ་ཆེན་པོ་བྱེད་བཞིན་པ་དེས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་བཞིན་ཡོད། ངའི་ལུང་པའི་ནང་གི་གནས་སྟངས་ལ་མཚོན་ནའང་དེ་མཚུངས་ཡིན། འོན་ཀྱང་ངའི་ལུང་པའི་ནང་གཏེར་ཁ་སྔོག་འདོན་ལས་གཞི་སྤེལ་མཁན་རང་ཡུལ་སྨོས་མེད་ཐོག་ཕྱི་ནས་ཨོ་སོ་ཊོ་ལི་ཡ་ Australia དང་ཁེ་ན་ཌ་ Canada བཅས་ཡིན།
གལ་ཏེ་ང་ཚོས་ས་ཆུ་བདག་གཅེས་ཐོག་སྣང་མེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་ལ་བརྩི་མེད་རྡོག་རོལ་བཏང་བ་ཡིན་ན། འབྱུང་འགྱུར་མི་རབས་ཀྱི་འཚོ་རྟེན་ལ་དོ་ཕོག་གཏོང་རྒྱུ་ཡིན་སྟབས་འགྲོ་བ་མི་རིགས་སྤྱི་ལ་གྱོང་གུན་ཕོག་ངེས་རེད། ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཆེད་འབད་བརྩོན་བྱ་རྒྱུ་གལ་གནད་ཇི་ཙམ་ཆེན་པོ་ཡིན་པ་དེ་བོད་ཀྱི་གནས་སྟངས་ལས་བློ་སྐྱེད་ལེན་ཐུབ། གནད་དོན་དེ་དག་གི་ཐོག་དེ་རིང་སྔ་དྲོ་༸གོང་ས་མཆོག་དང་ལྷན་བཀའ་བསྡུར་བྱུང་། ཞེས་གསུངས། །