ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ལ་དྭགས་བྱང་ཐང་ཁུལ་བོད་མི་མང་པོ་ཞིག་དཔྱ་དངུལ་ལག་དེབ་ནང་འཁོད་ལོ་རྒྱུས་དང་ཡིག་ཆ་གཉིས་མི་མཐུན་པའི་དཀའ་ངལ་འཕྲད་བཞིན་ཡོད་པར་སེལ་ཐབས་སུ་དཔལ་འབྱོར་ལས་ཁུངས་ཀྱི་དཔྱ་དེབ་གྲངས་ཐོ་ཚན་པའི་འགན་འཛིན་དྲུང་ལས་སྐལ་བཟང་ཆོས་སྒྲོན་ལགས་དང་། འབྲེལ་ཡོད་ལས་བྱེད་དྲུང་ལས་བདེ་ཆེན་མཚོ་མོ་ལགས་རྣམ་གཉིས་ཆེད་གཏོང་ཞུས།
དེ་ཡང་ཁོང་གཉིས་ནས་ལ་དྭགས་བྱང་ཐང་ས་སྨད་དང་། ཆུ་མུར། སུམ་མདོ། ཉོ་མ། བཀག་གཞུང་དྲུང་ཁྲི། རྒོད་ཡུལ། ཧན་ལེ། མ་ཁྱུ། བཀག་གཟུང་ཀྱུང་སྡིང་། ཆུ་ཤུལ། ལ་དྭགས་སླེ་བཅས་ས་ཁག་སོ་སོར་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣ ནས་ ༢༢ བར་ཆེད་བསྐྱོད་ཀྱིས་དཔྱ་དངུལ་ལག་དེབ་ནང་འཁོད་ལོ་རྒྱུས་དང་ཡིག་ཆ་ཁག་ལ་བསྐྱར་ཞིབ་ཞུས་ཏེ་མང་ཚོགས་ཀྱི་དཀའ་ངལ་མང་དག་ཅིག་སེལ་ཐུབ་པ་བྱུང་ཡོད།།