༢༠༡༧ ཟླ་ ༨ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་དུ་སྤྱི་ཁྱབ་རྩིས་པ་དང་ཞུ་དག་པ་ལས་བྱེད་ངོ་མ་དང་བྱུས་འགོད་པ་གཅིག་ཆོད་གན་ཐོག་བཅས་ས་མིག་གསུམ་སྟོང་པ་ཡོད་ན། ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༧ འགྱངས་མེད་འཚང་སྙན་འབུལ་དགོས་རྒྱུ། འཚང་སྙན་ནང་སོ་སོའི་ཁ་བྱང་། ཁ་པར་ཨང་གྲངས། གློག་འཕྲིན་ཁ་བྱང་བཅས་ཁ་གསལ་བཀོད་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་བཏང་རྒྱུ་དང་། ལག་འཁྱེར་ངོ་མ་ཞིབ་བཤེར་ཆེད་དངོས་གཞིའི་རྒྱུགས་སྤྲོད་སྐབས་མཉམ་འཁྱེར་དགོས་རྒྱུ། ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་ཡིག་རྒྱུགས་དང་ངག་རྒྱུགས་ཀམ་པུ་ཊར་བཅས་འདེམས་རྒྱུགས་ཀྱི་ལམ་ནས་གདམ་རྒྱུ་ཡིན། འདེམས་རྒྱུགས་བྱ་ཡུལ་དང་ཚེས་གྲངས་འཚང་སྙན་དུས་གཙང་རྗེས་དོ་བདག་སོ་སོར་བརྡ་ལན་སྤྲོད་རྒྱུ་ཡིན། རྒྱུགས་སྤྲོད་དུ་ཕེབས་སྐབས་ཀྱི་འགྲོ་གྲོན་རྣམས་དོ་བདག་རང་ཉིད་ནས་གཏོང་དགོས་པ་ཡིན།
སྤྱི་ཁྱབ་རྩིས་པའི་དགོས་མཁོའི་ཆ་རྐྱེན།
༡༽ གཙུག་ལག་རབ་འབྱམས་པ། M.com/&Tally with inventory/Ms office Particularly Excel & word ལེགས་པར་ཐོན་པའི་ལག་འཁྱེར་ཡོོད་པ།
༢༽ ཡིག་རྒྱུགས་ཐད་གོང་གསལ་དགོས་མཁོའི་ཆ་རྐྱེན་ཐོག་འབྲི་རྒྱུགས་དང་། ངག་རྒྱུགས། ཀམ་པུ་ཊར་ཡོད།
༣༽ རྩིས་པའི་ལས་དོན་ཐོག་ཉམས་མྱོང་ལོ་གསུམ་ཆ་ཚང་ཡོད་པའི་ངོ་སྦྱོར་ཡི་གེ་དགོས་རྒྱུ།
༤༽ དོ་བདག་ལ་ཕོགས་རིམ་བཞི་པ་ཟླ་རེར་ཧིན་སྒོར་ ༢༡༨༡༢།༠༠ དང་ལས་ཤག་གོ་སྒྲིག་ཡོད། ཟླ་དྲུག་ཚོད་ལྟའི་དུས་ཡུན་རྫོགས་མཚམས་ལས་བྱེད་ངོ་མར་བསྐོ་བཞག་འོས་མཚམས་ཤེས་དཔར་སྒྲིག་གཞི་ནང་གསལ་སྤྱི་མཚུངས་ལྟར་ཐོབ་རྒྱུ།
༥༽ ཕྱི་ལོ་ ༢༠༡༦། ༡༢། ༣༡ བར་དང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༦༽ རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༧༽ རང་ལོ་ ༡༨ ནས་ ༤༠ མ་བརྒལ་བ་དགོས་རྒྱུ།
༨༽ ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༩༽ ད་ལྟ་སྤྱི་སྒེར་གང་རུང་ནང་ལས་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར།
༡༠༽ གོང་གསལ་ལག་འཁྱེར་དང་ཡིག་ཆའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ཡང་ན་ས་གནས་འགོ་འཛིན་ནས་དག་མཆན་ངེས་པར་འཁོད་དགོས་རྒྱུ།
ཞུ་དག་པའི་དགོས་མཁོ་ཆ་རྐྱེན།
༡༽ ཨཅཱརྱ་ལག་འཁྱེར་རམ་བོད་ཀྱི་ནང་དོན་རིག་པའི་གཞུང་ཆེན་ལ་ཉུང་མཐར་ལོ་ལྔ་སློབ་གཉེར་འགྲིམས་མྱོང་བའི་ལག་འཁྱེར་དགོས་རྒྱུ།
༢༽ ཡིིག་རྒྱུགས་ཐད་གོང་གསལ་ཞུ་དག་པའི་དགོས་མཁོ་ལྟར་བོད་ཡིག་འབྲི་རྒྱུགས་དང་། ངག་རྒྱུགས། ཀམ་པུ་ཊར་བཅས་ཡོད།
༣༽ ཞུ་དག་པའི་ལས་དོན་ཐོག་ཉམས་མྱོོང་ལོ་གསུམ་ཆ་ཚང་ཡོད་པའི་ངོ་སྦྱོར་ཡི་གེ་དགོས་རྒྱུ།
༤༽ དོ་བདག་ལ་ཕོགས་རིམ་བཞི་པ། ཟླ་རེར་ཧིན་སྒོར་ ༢༡༨༡༢།༠༠ དང་ལས་ཤག་གོ་སྒྲིག་ཡོད། ཟླ་དྲུག་ཚོད་བལྟའི་དུས་ཡུན་རྫོགས་མཚམས་ལས་བྱེད་ངོ་མར་བསྐོ་བཞག་འོས་མཚམས་ཤེས་དཔར་སྒྲིག་གཞི་ནང་གསལ་སྤྱི་མཚུངས་ལྟར་ཐོབ་རྒྱུ།
༥༽ གོང་གསལ་སྤྱི་ཁྱབ་རྩིས་པའི་དོན་ཚན་ ༥ ནས་ ༡༠ བར་གཅིག་མཚུངས་དགོས་རྒྱུ།
བྱུས་འགོད་པའི་དགོས་མཁོ་དང་ཆ་རྐྱེན།
༡༽ འཛིན་གྲྭ་བཅུ་གཉིས་ཡན་ཐོན་པའི་ལག་འཁྱེར་ཡིག་ཆ་དགོས་རྒྱུ།
༢༽ གློག་ཀླད་དཔར་བསྐྲུན་ནམ་དེ་དང་མཉམ་པའི་གློག་ཀླད་བཟོ་བཀོད་ཀྱི་ལག་འཁྱེར་ཡོད་པ།
ཁ དྲ་རྒྱ་བཟོ་བཀོད་དང་རྒྱ་བསྐྱེད་བྱ་ཐུབ་པའི་ཤེས་ཚད་རང་རྐྱ་ཕེར་བ།
A- Desktop Publishing (D.T.P) or equivalent degree in designing.
B- Must have knowledge of Web designing and development.
༣༽ ཡིག་རྒྱུགས་ཐད་ཨིན་ཡིག་ཐོག་བྱུས་འགོད་འབྲི་རྒྱུགས་དང་། ངག་རྒྱུགས་གཉིས། དེའི་ཐོག་དཔར་བསྐྲུན་ཉམས་མྱོང་ཡོད་ན་གང་ལེགས།
༤༽ འཛིན་གྲྭ་བཅུ་གཉིས་ཐོན་པ་ལ་ཕོགས་རིམ་བདུན་པ། ཟླ་རེར་ཧིན་སྒོར་ ༡༩༨༧༧།༠༠ དང་ལས་ཤག་གོ་སྒྲིག་ཡོད།
༥༽ མཐོ་སློབ་ཡན་ཐོན་པ་ལ་ཕོགས་རིམ་དྲུག་པ། ཟླ་རེར་ཧིན་སྒོར་ ༢༠༢༧༡།༠༠ དང་ལས་ཤག་གོ་སྒྲིག་ཡོད།
༦༽ དེ་འཕྲོས་གོང་གསལ་སྤྱི་ཁྱབ་རྩིས་པ་དང་ཞུ་དག་པའི་དོན་ཚན་ལྔ་པ་ནས་བཅུ་པ་བར་གཅིག་མཚུངས་དགོས་གལ་བཅས།།
The Director
Sherig Parkhang Trust,
R- 28 & 27,Ramesh Park,Laxmi Nagar,Delhi 110092
Tele Fax:- 011-22455634 & 011-22453672 (O) 011-22013260 (R)
E-mail- [email protected] & [email protected]