༢༠༡༧ ཟླ་ ༨ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་སུ་ལས་དོན་དང་། ལས་བྱེད་ཀྱི་ནུས་ཤུགས་གོང་སྤེལ། ལས་ཁུངས་ཀྱི་ཡིག་འབྲེལ་འགན་འཛིན་ཞིག་ལོ་གཉིས་ཆོད་གན་ངོ་བོར་བསྐོ་གཞག་ཞུ་རྒྱུ་ཡིན།
ལས་ཀའི་ངོ་བོ། ལས་དོན་དང་། ལས་བྱེད་ཀྱི་ནུས་ཤུགས་གོང་སྤེལ། ལས་ཁུངས་ཀྱི་ཡིག་འབྲེལ།
ས་སྟོང་གྲངས། གཅིག
ཤེས་ཚད།
༡། ཚོང་ལས་འཛིན་སྐྱོང་རིག་པའི་ཐོག་གཙུག་ལག་རབ་འབྱམས་ཐོན་པའི་ལག་ཁྱེར་ལྡན་པ། (MA in Business Administration)
༢། བོད་ཡིག་དང་ཨིན་ཡིག་རང་རྐྱ་འཕེར་བ་ཡོད་པ།
༣། ཉུང་མཐར་ལོ་གཅིག་ཀྱི་ལས་མྱོང་ཡོད་པ།
ཚོང་དང་འབྲེལ་བའི་ལས་རིགས་ (Business Intelligence, Marketing Management, Innovation in Products & Services and Organizational Behavior ) བཅས་ཀྱི་ཐོག་ཉམས་མྱོང་ཡོད་མཁན་རིགས་ལ་འདེམས་སྒྲུག་གི་གོ་སྐབས་བཟང་བ་ཡོད།
རོགས་དངུལ་ཐབས་འཚོལ་དོ་དམ་པ།
༼འཚང་སྙན་འབུལ་མཁན་ལ་གཤམ་གསལ་ཤེས་ཚད་དང་། འཇོན་ཐང་དགོས་པ་ཡིན།༽
• ཕྱི་དྲིལ་ལས་འཆར་ཁག་ལ་རོགས་དངུལ་ཐབས་འཚོལ་བྱ་རྒྱུ། ༼མི་སྒེར་པ་དང་། ཚོགས་པ། མི་ཚོགས་རོགས་རམ་བཅས་ཀྱི་བརྒྱུད།༽
• ཚན་པ་ཁག་གི་ལྷན་དུ་ལས་འཆར་ཐད་གྲོས་བསྡུར་དང་བསམ་ཚུལ་བརྗེ་ལེན་བྱ་རྒྱུ།
• ཚན་པ་ཁག་ལ་འཆར་གཞི་བཟོ་འགོད་ཐོག་རོགས་ཕན་བྱ་རྒྱུ།
• སྙན་འབུལ་ཟིན་པའི་ལས་འཆར་ཁག་གི་ད་ལྟའི་གནས་བབ་བསྐྱར་ཞིབ་བྱ་རྒྱུ།
• ད་ཡོད་རོགས་ཚོགས་ཁག་གི་ལྷན་དུ་འབྲེལ་ལམ་དམ་ཟབ་ཞུ་རྒྱུ།
• ཕྱི་དྲིལ་ལས་འཆར་ཚན་པ་དང་། རྩིས་ཁང་མཉམ་འབྲེལ་ལམ་དམ་ཟབ་ཞུ་རྒྱུ།
ལས་འཆར་བཀོད་འདོམས་དང་ཞིབ་འཇུག་འགན་ཁུར།
• ལས་འཆར་ཁག་ལག་བསྟར་ཚུལ་བཞིན་ཡོང་མིན་ཐད་ཐུགས་ཞིབ་ཀྱིས་ཟླ་རེའི་སྙན་ཐོ་ཕྱི་དྲིལ་འཛིན་སྐྱོང་ཚོགས་ཆུང་ལ་འབུལ་རྒྱུ།
• ལས་འཆར་ཁག་གི་མཇུག་འབྲས་ཇི་ཆགས་ཀྱི་ཟླ་གསུམ་སྙན་ཐོ་ཞིག་ཕྱི་དྲིལ་འཛིན་སྐྱོང་ཚོགས་ཆུང་ལ་འབུལ་རྒྱུ།
• རོགས་ཚོགས་ཁག་ལ་འབུལ་རྒྱུའི་ལས་འཆར་སོ་སོའི་དུས་བཀག་སྙན་ཐོར་ཐུགས་ཞིབ་བྱ་རྒྱུ།
• ཕྱི་དྲིལ་ལས་འཆར་ཚན་པ་དང་། རྩིས་ཁང་བཅས་དང་འབྲེལ་ལམ་དམ་གཟབ་ཞུ་རྒྱུ།
ཕྱི་དྲིལ་ཡིག་འགྲུལ་དོ་དམ་པ།
• ཕྱི་དྲིལ་ Apps team ལ་འཕྲུལ་ལས་རིགས་དང་། ཡིག་འགྲུལ་བྱེད་ཕྱོགས་ཐོག་སློབ་སྟོན་བྱ་རྒྱུ།
• ཕྱི་དྲིལ་སྤྱི་ཚོགས་དྲྭ་རྒྱའི་གསར་འགོད་པ་ལའང་གོང་མཚུངས་བཞིན་སློབ་སྟོན་བྱ་རྒྱུ།
• ཕྱི་དྲིལ་ནས་པར་སྐྲུན་ཚན་ཞུས་པའི་དཔེ་དེབ་དང་འོད་སྡེར་ཁག་དྲྭ་ཐོག་ཚོང་བསྒྱུར་དང་འགྲེམས་སྤེལ་བྱ་ཐབས་ཞུ་རྒྱུ།
• ཕྱི་དྲིལ་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཡོད་པའི་དྲྭ་རྒྱ་ཁག་ལ་ཡོང་འབབ་ཐབས་ལམ་འཚོལ་རྒྱུ།
གཞན།
• དྲིལ་བསྒྲགས་དྲུང་ཆེ་དང་། འཛིན་སྐྱོང་ཚོགས་ཆུང་། འཛིན་སྐྱོང་ཚན་པ་བཅས་དང་འབྲེལ་ལམ་དམ་ཟབ་ཐོག་ལས་དོན་ཐོག་གཞོགས་འདེགས་བྱ་རྒྱུ།
• གཞུང་འབྲེལ་གློག་འཕྲིན་[email protected] བརྒྱུད་གློག་འཕྲིན་གཏོང་ལེན་བྱ་རྒྱུ།
• རྩིས་དཔོན་དང་འབྲེལ་ལམ་གྱིས་ཕྱི་དྲིལ་ཁྱབ་ཁོངས་མ་ལག་དང་བཅས་པའི་དབར་རྩིས་འབྲེལ་དྲྭ་ལམ་བཟོ་ཐབས་བྱ་རྒྱུ།
• ཕྱི་དྲིལ་ལས་དོན་ནམ་ཐོན་ལ་རམ་འདེགས་ཞུ་རྒྱུ།
འཚང་སྙན་འབུལ་མཁན་རྣམས་ནས་གཤམ་གསལ་ཡིག་ཆ་ཁག་འབུལ་དགོས་རྒྱུ།
• སྙན་ཞུ་དང་། རང་གི་ཤེས་མྱོང་ལོ་རྒྱུས་སྙིང་བསྡུས།
• ལག་ཁྱེར་དང་ཨང་ཤོག་བཅས་ཀྱི་ངོ་བཤུས།
• ལས་ཀའི་ཉམས་མྱོང་གི་ངོས་སྦྱོར་ངོ་མ།
• ༢༠༡༧ ཟླ་ ༣ ཚེས་ ༣༡ བར་དྭང་བླངས་དཔྱ་ཁྲལ་འབུལ་འབབ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
• གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་ཁྱེར་ (RC) ཤོག་གྲངས་དང་པོ་དང་། དུས་འགྱངས་ཞུས་པའི་ངོ་བཤུས།
• སྐྱེས་ཚེས་ལག་ཁྱེར་རམ་ཡང་ན། འཛིན་གྲྭ་ ༡༠ པའི་ལག་ཁྱེར་གྱི་ངོ་བཤུས།
• ལས་འཕེར་ཡིན་པའི་སྨན་པའི་ངོ་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་ཡོད་པ་ངོ་མ།
• འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
• སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་ཡན་ལས་བྱེད་སུ་རུང་གི་དག་མཆན་དང་ལས་དམ་དགོས་པ།
ཕོགས་དང་ཁེ་ཕན།
བོད་མིའི་སྒྲིག་འཛུགས་ཀྱི་ལས་དྲུང་གནས་རིམ་གྱི་ཕོགས་དང་ཁེ་ཕན་གཅིག་མཚུངས་ཡོད།
ལོ་ཚད།
༢༠༡༧།༨།༢༥ ཉིན་རང་ལོ་ ༢༥ མན་དང་། ༤༠ ཡན་མ་ཡིན་པ་དགོས།
འཚང་སྙན་འབུལ་ཚེས།
༢༠༡༧།༨།༢༥ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༦ ནང་ཚུན་སྙན་ཞུ་དང་། དགོས་མཁོའི་ཡིག་ཆ་ཁག་གློག་འཕྲིན་ [email protected] ཡང་ན། གཤམ་གསལ་ཁ་བྱང་ཐོག་སྦྲག་བསྐུར་དགོས་རྒྱུ།
དགོས་མཁོའི་ཆ་རྐྱེན་ཚང་རིགས་ལ་ཡིག་རྒྱུགས་གཏོང་བར་ཡོང་སླད་འབོད་བརྡ་འབུལ་རྒྱུ་ཡིན་ན། སོ་སོའི་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་བཅས་མ་ནོར་བར་སྙན་ཞུའི་ནང་འབྲི་དགོས་རྒྱུ་དང་། དེ་བཞིན་སོ་སོའི་ལག་ཁྱེར་དང་། ཡིག་ཆ་ངོ་མ་ཁག་ཡིག་ཚད་གཏོང་བར་ཕེབས་སྐབས་མཉམ་ཁྱེར་དགོས་རྒྱུ་བཅས། ཕྱི་དྲིལ་ལས་ཁུངས་ནས། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༩ ལ།།
Secretary
Department of Information & International Relations, CTA
Gangchen Kyishong
Dharamsala-176215
Distt. Kangra, H.P.