ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཡུ་རོབ་མཐུན་ཚོགས་དང་། མཉམ་སྦྲེལ་རྒྱལ་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚན་པར་ལས་བྱེད་ཞིག་ལོ་གཉིས་ཆོད་གན་ངོ་བོར་བསྐོ་གཞག་ཞུ་རྒྱུ་ཡིན།
ལས་ཀའི་ངོ་བོ། རྒྱལ་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་ལས་བྱེད།
ས་སྟོང་གྲངས། གཅིག
ཤེས་ཚད།
༡། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐོག་གཙུག་ལག་རབ་འབྱམས་ཐོན་པ།
༢། བོད་ཡིག་དང་ཨིན་ཡིག་རང་རྐྱ་འཕེར་བ་ཡོད་པ།
༣། ཉུང་མཐར་ལོ་གཉིས་ཀྱི་ལས་མྱོང་ཡོད་པ།
༤། རྒྱ་གར་དང་། ཕྱི་རྒྱལ་ཁག་ལ་ལས་དོན་ཆེད་ཡུན་རིང་འགྲུལ་བསྐྱོད་བྱ་རྒྱུའི་འདུན་པ་ཡོད་པ།
འགྲོ་བ་མིའི་ཐོབ་ཐང་དང་། སྲུང་སྐྱོབ། ཕྱི་འབྲེལ་བྱེད་ཕྱོགས་བཅས་ཀྱི་ཐོག་ཉམས་ཞིབ་བྱས་མྱོང་ཡོད་མཁན་རིགས་ལ་འདེམས་སྒྲུག་གི་གོ་སྐབས་བཟང་བ་ཡོད།
ལས་ཀའི་རྣམ་གྲངས།
༼ འཚང་སྙན་འབུལ་མཁན་ལ་གཤམ་གསལ་ཤེས་ཚད་དང་། འཇོན་ཐང་དགོས་པ་ཡིན།༽
- བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་ཀྱིས་གསར་འགྱུར་བཟོ་རྒྱུ།
- འགྲོ་བ་མིའི་ཐོབ་ཐང་སྐོར་རྩོམ་བྲིས་དང་། སྙན་ཐོ་གསར་ཐོན་ཁག་དུས་ཐོག་འདོན་སྤེལ་བྱ་རྒྱུ།
- རྒྱལ་ཚོགས་ཀྱི་ལས་ཁུངས་སུ་ཞུ་གཏུགས་ལས་འགུལ་སྣེ་ཁྲིད་བྱ་རྒྱུ།
- རྒྱལ་ཚོགས་ཀྱི་ཆེད་གཉེར་མི་སྣ་དང་། ཚོགས་ཞུགས་རྒྱལ་ཁབ་ཁག་ལ་འབྲེལ་ལམ་གྱིས་བོད་དོན་ཞུ་གཏུགས་བྱ་རྒྱུ།
- འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཞུ་གཏུགས་བྱ་རྒྱུའི་སླད་བརྙན་པར་བཟོ་སྐྲུན་བྱ་རྒྱུ།
- རྒྱལ་ཚོགས་སུ་ཞུ་གཏུགས་གནང་སྟངས་སྐོར་ཟབ་སྦྱོང་སྤྲད་རྒྱུ།
འཚང་སྙན་འབུལ་མཁན་རྣམས་ནས་གཤམ་གསལ་ཡིག་ཆ་ཁག་འབུལ་དགོས་རྒྱུ།
- སྙན་ཞུ་དང་། རང་གི་ཤེས་མྱོང་ལོ་རྒྱུས་སྙིང་བསྡུས།
- ལག་ཁྱེར་དང་ཨང་ཤོག་བཅས་ཀྱི་ངོ་བཤུས།
- ལས་ཀའི་ཉམས་མྱོང་གི་ངོས་སྦྱོར་ངོ་མ།
- ༢༠༡༧ ཟླ་ ༣ ཚེས་ ༣༡ བར་དྭང་བླངས་དཔྱ་ཁྲལ་འབུལ་འབབ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
- གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་ཁྱེར་ (RC) ཤོག་གྲངས་དང་པོ་དང་། དུས་འགྱངས་ཞུས་པའི་ངོ་བཤུས།
- སྐྱེས་ཚེས་ལག་ཁྱེར་རམ་ཡང་ན། འཛིན་གྲྭ་ ༡༠ པའི་ལག་ཁྱེར་གྱི་ངོ་བཤུས།
- ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་ཡོད་པ་ངོ་མ།
- འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
- སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་ཡན་སུ་རུང་གི་དག་མཆན་དང་ལས་དམ་དགོས་པ།
ཕོགས་དང་ཁེ་ཕན།
བོད་མིའི་སྒྲིག་འཛུགས་ཀྱི་སྡེ་ཚན་འགན་འཛིན་གནས་རིམ་གྱི་ཕོགས་དང་ཁེ་ཕན་གཅིག་མཚུངས་ཡོད།
ལོ་ཚད།
༢༠༡༧།༨།༢༥ ཉིན་རང་ལོ་ ༢༥ མན་དང་། ༤༠ ཡན་མ་ཡིན་པ་དགོས།
འཚང་སྙན་འབུལ་ཚེས།
༢༠༡༧།༨།༢༥ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༦ ནང་ཚུན་སྙན་ཞུ་དང་། དགོས་མཁོའི་ཡིག་ཆ་ཁག་གློག་འཕྲིན་ [email protected] ཡང་ན། གཤམ་གསལ་ཁ་བྱང་ཐོག་སྦྲག་བསྐུར་དགོས་རྒྱུ།
དགོས་མཁོའི་ཆ་རྐྱེན་ཚང་རིགས་ལ་ཡིག་རྒྱུགས་གཏོང་བར་ཡོང་སླད་འབོད་བརྡ་འབུལ་རྒྱུ་ཡིན་ན། སོ་སོའི་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་བཅས་མ་ནོར་བར་སྙན་ཞུའི་ནང་འབྲི་དགོས་རྒྱུ་དང་། དེ་བཞིན་སོ་སོའི་ལག་ཁྱེར་དང་། ཡིག་ཆ་ངོ་མ་ཁག་ཡིག་ཚད་གཏོང་བར་ཕེབས་སྐབས་མཉམ་ཁྱེར་དགོས་རྒྱུ་བཅས། ཕྱི་དྲིལ་ལས་ཁུངས་ནས། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣ ལ།།
Secretary
Department of Information & International Relations, CTA
Gangchen Kyishong
Dharamsala-176215
Distt. Kangra, H.P.