༢༠༡༧ ཟླ་ ༨ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །བརྒྱུད་ལམ་གཞན་གྱིས་གནས་ཚུལ་སྤེལ་དོན་ལྟར་ན། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༨ རེས་གཟའ་མིག་དམར་ཉིན་ས་གནས་དེ་གའི་ཕྱི་དྲོ་ཆུ་ཚོད་ ༩་༢༠ ཙམ་ལ་གཟི་ཚ་སྡེ་དགུའི་རྗོང་ཁུལ་དུ་ས་ཡོམ་ཤུགས་རེག་ཊར་གྲངས་ཚད་ ༧ བརྒྱབ་པར་བརྟེན་བོད་མི་གྲངས་ ༡༩ རྐྱེན་འདས་སུ་གྱུར་བ་དང་བོད་མི་ ༢༤༧ ལྷག་ལ་རྨས་སྐྱོན་ཕོག་ཡོད་པའི་ནང་ནས་བོད་མི་ ༤༠ གནས་སྟངས་ཛ་དྲག་ངང་ཡོད་འདུག
དེ་ཡང་བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ཁང་པ་ཡོངས་སུ་བརྡིབས་པ་སོགས་མི་རྒྱུ་ཕྱུག་གསུམ་ལ་གནོད་འཚེ་ཤུགས་ཆེ་ཕོག་འདུག
དེ་བཞིན་ས་གཤིས་དཔྱད་རིག་མཁས་པས་གསུང་དོན་ལྟར་ན། ས་ཡོམ་གྱི་བསྟི་གནས་གཙོ་བོ་ནི་གྲོང་ཁྱེར་ཁྲན་ཏུ་ནས་བྱང་ཕྱོགས་ས་ཐག་རྒྱང་ཚད་ཀི་ལོ་མི་ཊར་ ༢༨༤ ཡོད་སར་ཡིན་འདུག སྤྱིར་དེ་ཉིན་སྔ་དྲོ་ཀ་ཛཀ་སི་ཐཱན་གྱི་ས་མཚམས་སུ་ཆགས་པའི་ཡུ་གུར་རང་སྐྱོང་ས་ཁུལ་དུ་ས་ཡོམ་བརྒྱབ་འདུག
ད་ལྟ་ས་ཡོམ་གྱི་གནོད་འཚེ་ཕོག་པ་རྣམས་ལ་ཛ་དྲག་ངལ་སེལ་རོགས་རམ་འགྲོ་མུས་ཡིན་འདུག
དེ་སྔོན་ ༢༠༠༨ ལོར་ད་ལྟ་ས་ཡོམ་གྱི་གོད་ཆག་ཕོག་སའི་ས་ཁུལ་གྱི་ཉེ་འགྲམ་དུ་ས་ཡོམ་ཤུགས་ཆེ་ཕོག་མྱོང་ཡོད་འདུག སྐབས་དེར་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེ་ཕོག་ཡོད་པ་བཅས།།