ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༢ ནས་ཕྱི་ཟླ་ ༩ ཚེས་ ༡༡ བར་ཨ་རི་སོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་རྡ་ས་ག་གཱལ་གནམ་ཐང་ནས་ལྡི་ལི་བརྒྱུད་ཨ་རིའི་གྲོང་ཁྱེར་པོཊ་ལེནཌ་ཕེབས་ཐོན་གྱིས་ཨ་རིའི་གྲོང་ཁྱེར་ཁག་གཅིག་དང་། རྒྱལ་ས་ལྦ་ཤིང་ཊོན་བཅས་སུ་གནད་ཡོད་མི་སྣ་དང་རང་རིགས་མང་ཚོགས་དང་ཐུག་འཕྲད་གནང་རྒྱུ། དེ་བཞིན་ནིའུ་ཡོག་ཏུ་བྱང་ཨ་རིའི་བོད་རིགས་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་དབུ་འབྱེད་མཛད་སྒོར་མགྲོན་འབོད་ལྟར་ཆེད་ཕེབས་གནང་རྒྱུ་སོགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་མཚམས་ཕྱི་ཟླ་ ༩ ཚེས་ ༩ ཉིན་ནིའི་ཡོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༡ ཉིན་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས། །