༢༠༡༧ ཟླ་ ༨ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཕྱི་དྲིལ་ལྷ
ང་དང་ངའི་ལས་རོོགས་རྣམས་ལ་མཚོན་ན། བོད་མི་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་པ་མཐོང་སྐབས་སེམས་ནང་སྙིང་སྟོབས་ཧ་ཅང་སྐྱེ་བཞིན་འདུག སྲིད་བྱུས་འདི་ནི་ཆེ་མཐོང་ལྡན་ཞིང་ནུས་པ་ཆེ་ལ། བྱམས་བརྩེའི་རང་བཞིན་ལྡན་པར་བརྟེན་སྲིད་བྱུས་འདི་ནི་འཛམ་གླིང་ནང་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་མིག་དཔེ་འོས་པ་ཞིག་ཡིན།
བོད་མི་ཚོར་གནས་སྟངས་ཁག་པོ་ཞིག་འོག་ཡོད་པ་ངས་ཤེས་ཀྱི་ཡོད། ཁྱེད་ཚོའི་ཁ་གཏད་དེའང་སྟོབས་ཆེན་རྒྱལ་ཁབ་གཅིག་ཆགས་ཡོད། དེར་བརྟེན་འགོག་རྐྱེན་བཟོ་རྒྱུའི་ཆ་རྐྱེན་མང་བ་ཡོད། འོན་ཀྱང་གནས་སྟངས་ཇི་འདྲ་ཞིག་ཡིན་རུང་མཐར་བདེན་པར་རྒྱལ་ཁ་ཐོབ་དགོས། བོད་མི་ཚོ་ལའང་ཕུགས་སུ་བདེན་པའི་རྒྱལ་ཁ་ཐོབ་རྒྱུ་རེད། སྤྱིར་ང་ཚོའི་ཚོགས་པ་འདི་ཧ་ལས་པའི་ཚོགས་པ་ཆེན་པོ་དེ་འདྲ་མ་རེད། ལས་བྱེད་ལ་མཚོན་ནའང་གཏན་འཇགས་ལས་བྱེད་དེ་ཙམ་མང་པོ་མེད། འོན་ཀྱང་ང་ཚོས་ལས་བྱེད་རྣམས་ལ་དུས་རྟག་ཏུ་བོད་དོན་ཆེད་དཀའ་ལས་རྒྱག་དགོས་པའི་སེམས་འགུལ་གཏོང་བཞིན་ཡོད། ལོ་འདིར་མཚོན་ན་ང་ཚོས་ལས་ཀ་ཧུར་ཐག་བྱས་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་དང་མགོ་ལོག་འཇིགས་མེད་ལགས་ཀྱིས་ཚོགས་པའི་ཚོགས་མི་རྣམས་དང་། གསར་འགོད་པ། དེ་བཞིན་མང་ཚོགས་བཅས་ལ་རང་ཉིད་ཀྱི་མྱོང་ཚོར་སྐོར་ངོ་སྤྲོད་ལྷུག་པོ་གནང་བ་མ་ཟད། སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཀྱང་གསུང་བཤད་གནང་བ་དང་སྦྲགས་ཁོང་རྣམས་ནས་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་ཀྱང་གནང་ཡོད།
སྤྱིར་ང་ཚོས་ལས་དོན་མང་པོ་ཞིག་བྱ་རྒྱུ་ཡོད་ཀྱང་། ད་ལྟ་སྐབས་སུ་བབ་པ་ནི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་པ་འདི་ཡིན། དེར་བརྟེན་ང་རང་ཧ་ཅང་དགའ་སྤོབས་སྐྱེ་བཞིན་འདུག སུ་ཝི་ཌེན་ཡུལ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་འདྲ་ཞིག་འཛུགས་ཐུབ་པར་ང་ཚོར་སྤོབས་པ་ཧ་ཅང་འདུག རྒྱལ་ཁབ་མང་པོ་ཞིག་ནང་ཆབ་སྲིད་པ་ཚོས་བོད་དོན་ཐོག་རྣམ་འགྱུར་འདི་འདྲ་ཞིག་སྟོན་དགོས་ན་དཀའ་ངལ་ཧ་ཅང་ཆེན་པོ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། དེར་བརྟེན་དེ་རིང་གོ་སྐབས་འདི་བཟུང་ནས་གྲོས་ཚོགས་འཐུས་མི་ཀལ་ Carl Schlyter མཆོག་དང་ཁོང་གི་ཕྱག་སྦྲེལ་རྣམ་པས་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གཞུང་གི་གནོན་ཤུགས་ཇི་ཙམ་ཡོད་མིན་ལ་མ་ལྟོས་པར་སྤང་བླང་འཇུག་ལྡོག་མ་ནོར་བར་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཞིག་གསར་འཛུགས་ཐུབ་པ་དེར་སུ་ཝི་ཌེན་བོད་དོན་རྒྱབ་སྐྱོར་ཚོ