ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་འཕྲོད་བསྟེན་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༤ ནས་ཕྱི་ཟླ་ ༨ ཚེས་ ༡༡ བར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་། ལྷོ་ཕྱོགས་བོད་མིའི་གཞིས་ཁག་བཅས་སུ་འཚམས་གཟིགས་ཕེབས་གཏན་འཁེལ་བ་བཞིན། ཚེས་ ༢༥ ཉིན་སྦེང་ལོར་དུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༢༦ ནས་ཕྱི་ཟླ་ ༨ ཚེས་ ༧ བར་ཀོ་ལེ་གྷལ། ཧོན་སུར། སྦེལ་ཀོབ། མོན་གྷོ་བོད་མིའི་གཞིས་ཆགས་བཅས་སུ་ཡོད་པའི་འཕྲོད་བསྟེན་སྨན་ཁང་དང་། དགོན་སྡེ་ཁག སློབ་གྲྭ་བཅས་པར་གཟིགས་སྐོར་དང་མང་ཚོགས་ལ་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༨ དང་ ༩ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་ཀཱར་ཎ་ཊ་ཀ་མངའ་གཞུང་འབྲེལ་ལས་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་རྒྱུ་བཅས།།
འཕྲོད་བསྟེན་བཀའ་བློན་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འཚམས་གཟིགས་ཕེབས་གཏན་འཁེལ་བ།
གསར་གནས།

འབྲེལ་གནས།
