ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༤ རེས་གཟའ་པ་སངས།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཨ་རི་བོད་ཀྱི་ཐེབས་རྩ་དང་ཟུང་འབྲེལ་ཐོག་གསར་གཏོད་གནང་བའི་ ༼ སྲིད་སྐྱོང་ཆེད་ལས་སློབ་ཡོན་༽ ཆེད་ཉེ་བའི་གཙུག་ལག་རབ་འབྱམས་པའི་ས་མིག་ ༨ དང་གཙུག་ལག་རབ་འབྱམས་པའི་ས་མིག་ ༡༢ བཅས་གསལ་བསྒྲགས་ཞུ་རྒྱུ། སློབ་ཡོན་ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་རྒྱ་བལ་འབྲུག་གསུམ་ནང་གི་བོད་རིགས་སློབ་མ་རྩེ་ཕུད་རྣམས་རང་ཉིད་ཀྱི་འདོད་མོས་ཆེ་བའི་ཆེད་ལས་མཐོ་སློབ་ལེགས་གྲས་ཁག་ནང་སློབ་སྦྱོང་བྱ་རྒྱུར་རོགས་སྐྱོར་ཆེད་ཡིན། སློབ་ཡོན་འདི་ཤེས་རིག་ལས་ཁུངས་བརྒྱུད་ཨ་རི་བོད་ཀྱི་ཐེབས་རྩ་ནས་གནང་རྒྱུ།
སློབ་ཚན་ཆ་བགོས།
སྡེ་ཚན་དང་པོ། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཆེད་ལས་སློབ་ཚན།
- Medicine, Dental Surgery, Medical Specialists, Engineering, Business Administration, Law, Pharmacy, Mass Communication, Architecture, Education, Computer Application, Fine Arts, Chartered Accountant, Developmental studies & Multimedia studies.
སྡེ་ཚན་གཉིས་པ། གཙུག་ལག་རབ་འབྱམས་པའི་སློབ་ཚན་དང་། ཉེ་བའི་འབུམ་རམས་པ། འབུམ་རམས་པའི་སློབ་སྦྱོང་སོགས།
- Master of Science, Master of Commerce, Master of Arts, Master of Philosophy & Doctor of Philosophy
སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན།
འཚང་སྙན་འབུལ་མི་རྣམས་ནས་གོང་གསལ་སློབ་ཚན་ཐོག་མཐོ་སློབ་ལེགས་གྲས་ ༼ཟུར་སྦྱར་ཐོ་གཞུང་༽ ཁག་ནང་འཚུད་པ་ཞིག་དགོས་པ་དང་ཆབས་ཅིག་གཤམ་གསལ་ཡིག་ཆ་ཁག་འབུལ་དགོས།
༡། འཚང་སྙན་འགེངས་ཤོག
༢། དོ་བདག་གི་མི་ཚེའི་ལོ་རྒྱུས་མདོར་བསྡུས།
༣། རྒྱབ་གཉེར་ཡི་གེ་ཁག་གཉིས། ༼ཉེ་བའི་གཙུག་ལག་རབ་འབྱམས་ཆེད་འཚང་སྙན་འབུལ་མཁན་རྣམས་ནས་རང་ཉིད་ཀྱི་འཛིན་རིམ་ ༡༢ སྐབས་ཀྱི་དགེ་རྒན་ནས་རྒྱབ་གཉེར་གཅིག་དང་། སློབ་སྤྱིའམ་རེག་ཊར། ཡང་ན་དགེ་རྒན་ཆེན་མོ་ནས་རྒྱབ་གཉེར་གཅིག་དགོས། གཙུག་ལག་རབ་འབྱམས་ཆེད་འཚང་སྙན་འབུལ་མཁན་ནས་རང་ཉིད་ཀྱི་མཐོ་རིམ་སློབ་དཔོན་གཉིས་ནས་རྒྱབ་གཉེར་ཡི་གེ་དགོས།༽
༤། མཐོ་སློབ་ལེགས་གྲས་ཀྱི་ཐོ་གཞུང་ཟུར་སྦྱར་ནང་གསལ་གང་རུང་ནང་འཚུད་ཟིན་པའི་ངོས་སྦྱོར་ཡི་གེ་འབུལ་དགོས།
སློབ་ཡོན་ཚད་གཞི།
ཀ༽ སློབ་ཡོན་དོད།
སྡེ་ཚན་དང་པོ། སློབ་ཡོན་དོད་འབིལ་འཛིན་གཞི་བཞག་ཧིན་སྒོར་འབུམ་གཉིས་ ༢༠༠,༠༠༠། བར་ཕྱིར་སློག་གནང་རྒྱུ་ཡིན་ཞིང་། མགོ་ཁྲལ་ལམ་ཞལ་འདེབས་སོགས་འབུལ་ཡོད་ཚེ་དངུལ་འབོར་དེ་དག་ལ་ཕྱིར་སློག་གནང་རྒྱུ་མིན།
སྡེ་ཚན་གཉིས་པ། སློབ་ཡོན་དོད་འབིལ་འཛིན་གཞི་བཞག་ཧིན་སྒོར་འབུམ་གཅིག ༡༠༠,༠༠༠། བར་ཕྱིར་སློག་གནང་རྒྱུ་ཡིན་ཞིང་། མགོ་ཁྲལ་ལམ་ཞལ་འདེབས་སོགས་འབུལ་ཡོད་ཚེ་དངུལ་འབོར་དེ་དག་ལ་ཕྱིར་སློག་གནང་རྒྱུ་མིན།
ཁ༽ སློབ་ཡོན་མིན་པའི་འགྲོ་གྲོན་གཞན།
གོང་གི་སྡེ་ཚན་གཉིས་ཀར་འཚོ་དོད་ཆེད་ལོ་རེར་ཧིན་སྒོར་ཁྲི་བརྒྱད་ ༨༠,༠༠༠། གནང་རྒྱུ་དང་། འོན་ཀྱང་ཉེ་བའི་འབུམ་རམས་པ་དང་འབུམ་རམས་པའི་སློབ་མའི་ཆེད་ངེས་མེད་དོད་འབབ་འཕར་མ་ཧིན་སྒོར་ཁྲི་གཉིས་ ༢༠,༠༠༠། དང་ཁྲི་གསུམ་ ༣༠,༠༠༠། སོ་སོར་གནང་རྒྱུ།
འཚང་སྙན་གྱི་མཐའ་མའི་དུས་བཀག
སྡེ་ཚན་དང་པོ། ཉེ་བའི་གཙུག་ལག་རབ་འབྱམས་ཆེད་འཚང་སྙན་ཕྱི་ལོ་ ༢༠༡༧།༨།༡༤ གོང་འབུལ་འབྱོར་ཐུབ་པ་དགོས།
སྡེ་ཚན་གཉིས་པ། གཙུག་ལག་རབ་འབྱམས་པ་དང་ཉེ་བའི་འབུམ་རམས་པ། འབུམ་རམས་པ་བཅས་ཀྱི་འཚང་སྙན་ཕྱི་ལོ་ ༢༠༡༧།༨།༣༡ གོང་འབུལ་འབྱོར་ཐུབ་པ་དགོས།
དྭོགས་འདྲི་ཞུ་ཡུལ།
ངག་དབང་ཡོན་ཏན། [email protected] 01892-222572 and 222721
བློ་བཟང་དར་རྒྱས། [email protected] 01892-226695
སྙན་ཞུ་འབུལ་ཡུལ་ཁ་བྱང་།
Secretary (SPSP 2017)
Department of Education, CTA
Gangchen Kyishong
P.O. Dharamsala 176215
District Kangra, H.P.
www.facebook.com/doe.lobyon/
༡། འཚང་སྙན་འགེངས་ཤོག https://drive.google.com/file/d/0B_FDkaI-rpHPTGxHM2ZMRi1SWE0/view?usp=sharing
༢། ལེགས་གྲས་མཐོ་སློབ་ཀྱི་ཐོ་གཞུང་། https://drive.google.com/file/d/0B_FDkaI-rpHPR3Zvc2d5R2luNVU/view?usp=sharing
༣། རྒྱབ་གཉེར་འགེངས་ཤོག https://drive.google.com/file/d/0B_FDkaI-rpHPdlZoa2RNZm01YkU/view?usp=sharing