ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་ཇི་ཕར་ནན་ཌེ་སི་ George Fernandez མཆོག་ཟླ་འདིའི་ཕྱི་ཚེས་ ༣ ཉིན་དགུང་གྲངས་ ༨༧ ལ་ཕེབས་པའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་བའི་ནང་འཁོད་དོན། སྐུ་ཉོད་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་དགའ་སྤྲོ་ཅན་གྱི་ཉིན་མོ་འདིར་ཉིན་ངས་གོ་སྐབས་འདི་བརྒྱུད་སྙིང་སྟོབས་དང་འབད་རྩོལ་ཅན། དྲང་བདེན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་གྱི་དབུ་ཁྲིད་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་གིས་དྲང་བདེན་གྱི་འཐབ་རྩོད་ཁྲོད་བོད་ཀྱི་གནད་དོན་དེ་ཡང་དག་པར་གཟིགས་ཏེ་རྒྱབ་སྐྱོར་གནང་བ་མ་ཟད། སྐུ་ཉིད་མཆོག་ནི་འཇིགས་ཞུམ་གང་ཡང་མེད་པར་རང་གི་ལངས་ཕྱོགས་བརྟན་པོ་དང་། དྲང་བདེན་ལ་གཡོ་ཟོལ་མེད་པར་བཟང་སྤྱོད་ཀྱི་ཐོག་ནས་རྒྱབ་སྐྱོར་དང་དཀའ་ངལ་ཁག་ལ་གདོང་ལེན་གནང་མཁན་ཞིག་ཡིན་སྟབས་བོད་མིའི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན། སྐུ་ཉིད་མཆོག་ནི་བོད་པའི་འཐབ་རྩོད་ལ་ད་བར་རྒྱབ་སྐྱོར་གནང་མཁན་གལ་ཆེའི་མི་སྣ་ཞིག་ཆགས་ཡོད། ཅེས་འཁོད་འདུག །
མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།།