སྤྱིར་སྐུ་མགྲོན་རྣམས་བོད་རང་སྐྱོང་ལྗོངས་ཀྱིས་ཁུལ་ཁག་ནང་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས། དེ་བཞིན་ཆོས་ལུགས་དང་ཤེས་ཡོན། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གནད་དོན་སྐོར་གླེང་སློང་གནང་འཆར་ཡོད་པ་མ་ཟད། རིག་གཞུང་དང་སློབ་གྲྭ དེ་བཞིན་ཆོས་སྡེ་ཁག་ནང་འཚམས་གཟིགས་གནང་འཆར་ཡོད་འདུག
དེ་སྔའི་ཡུ་རོབ་མཐུན་ཚོགས་ཀྱི་གཞུང་ཚབ་མཆོག་བོད་ནང་འཚམས་གཟིགས་ཕེབས་ཐེངས་མཐའ་མ་དེ་ཕྱི་ལོ་ ༢༠༡༣ ཟླ་ ༩ ནང་ཡིན་ཞིང་། སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་འཐུས་མི་སྐུ་ཞབས་སི་ཊབ་རོ་སི་ལམ་བྷིརི་ནི་དི་སི་ Stavros Lambrinidis མཆོག་ལ་བོད་རང་སྐྱོང་ལྗོངས་ཟེར་བས་མགྲོན་འབོད་ལྟར་ཕེབས་པ་ཞིག་ཡིན་པ་བཅས།།