༢༠༡༧ ཟླ་ ༦ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༡ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བཀའ་ཤག་ནས་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་རྣམས་ལ་བཏང་བའི་རྩ་འཛིན་བཀོད་ཁྱབ་ནང་འཁོད་དོན།
དགོངས་མངའ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་མི་མང་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་བོད་མིའི་ཆབ་སྲིད་ཀྱི་སྲིད་སྐྱོང་གི་སྐུ་དབང་རྩིས་སྤྲོད་བཀའ་དྲིན་བླ་མེད་དུ་ཆེ་བ་ནས་བཟུང་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཆ་ཚང་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ནས་གནང་བཞིན་པ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལའང་དེ་མཚུངས་དགོས་ངེས་ཀྱི་བསྐྱར་བཅོས་གནང་བ་སོགས་བྱུང་ཡོད། དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འཕར་གཞུང་འབྲེལ་མཛད་སྒོའི་སྐབས་སུ་བཞུགས་གྲལ་གདན་ཐོབ་ལའང་འགྱུར་བ་ཞིག་དགོས་ངེས་ཀྱང་ད་ལྟ་བར་བཀའ་མོལ་གླེང་སློང་བྱུང་བ་ཙམ་ལས་འགྱུར་བཅོས་གཏན་འབེབས་བྱུང་མེད་པར་སོང༌།
ཉེ་ཆར་དཔལ་ལྡན་བཀའ་ཤག་ནས་གོང་གསལ་གནས་དོན་དང་འབྲེལ་བའི་སྐོར་ཚོགས་མི་གསུམ་ལས་གྲུབ་པའི་བསྐྱར་ཞིབ་ཚོགས་ཆུང་ཞིག་བསྐོ་གཞག་གནང་ཡོད། ཚོགས་ཆུང་ནས་སླད་ཕྱིན་གཞུང་འབྲེལ་མཛད་སྒོའི་ཐོག་བཞུགས་གྲལ་གདན་ཐོབ་འབུལ་ཕྱོགས་ཐད་བསྐྱར་བཅོས་གནང་འོས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཞིག་ ༢༠༡༧།༦།༨ ཉིན་ཕུལ་འབྱོར་བྱུང་བ་དེར་བཀའ་ཤག་ནས་ངོས་བཞེས་དང་སྦྲགས་བཞུགས་གྲལ་གདན་ཐོབ་ཀྱི་རྩ་འཛིན་བཀོད་ཁྱབ་ཟུར་ཡོད་ལྟར་རྩ་འཛིན་དགོས་པ་ཕེབས་སོང་ན་ལས་ཁུངས་སོ་སོའི་ཁྱབ་འོག་ཏུ་ཡོད་པའི་སྡེ་ཚན་ཚང་མར་མཁྱེན་རྟོགས་ཐུབ་པ་བཟོ་ཕྱོགས་དགོས་རྒྱུ་དེ་དོན་དགོངས་འཇགས་ཞུ། བཀའ་དྲུང་ཡིག་ཚང་ནས། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༡ ལ་ཕུལ། ཅེས་འཁོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་འཆར་འཕར་གཞུང་འབྲེལ་མཛད་སྒོ་ཁག་གི་བཞུགས་གྲལ་གདན་ཐོབ་རྩ་འཛིན།
༡། སྲིད་སྐྱོང༌།
༢། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ།
༣། བོད་མི་མང་སྤྱི་འཐུས་ཚོགས་གཙོ།
༤། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ།
༥། ཆེས་མཐོའི་ཁྲིམས་ཞིབ་པ་གཞན་གཉིས།
༦། བཀའ་བློན་རྣམ་པ།
༧། སྲིད་སྐྱོང་ཟུར་པ་དང་བཀའ་ཁྲི་ཟུར་པ།
༨། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ།
༩། སྤྱི་འཐུས་ཚོགས་གཙོ་ཟུར་པ།
༡༠། སྤྱི་འཐུས་ཚོགས་གཞོན་ཟུར་པ།
༡༡། ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ།
༡༢། བཀའ་བློན་ཟུར་པ།
༡༣། ལྷ་རྒྱ་རི་ཁྲི་ཆེན། (རྒྱལ་ཆས་མ་བཞེས་པའི་སྐབས་སུ།)
༡༤། ཡབ་གཞིས་སྐུ་འཁོར་རྣམ་པ།
༡༥། འོས་བསྡུའི་སྤྱི་ཁྱབ་འགན་འཛིན།
༡༦། ལས་བྱེད་འདེམས་ལྷན་ཚོགས་གཙོ།
༡༧། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ།
༡༨། འོས་བསྡུའི་འགན་འཛིན་ལས་འཕར་རྣམ་པ།
༡༩། ལས་བྱེད་འདེམས་ལྷན་ཚོགས་མི་རྣམ་པ།
༢༠། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་ཟུར་པ་རྣམ་པ།
༢༡། བོད་མི་མང་སྤྱི་འཐུས་རྣམ་པ།
༢༢། བོད་མི་མང་སྤྱི་འཐུས་ཟུར་པ་རྣམ་པ།
༢༣། གནས་ཆུང་སྐུ་རྟེན།
༢༤། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ།
༢༥། བཀའ་དྲུང༌།
༢༦། ཚོགས་དྲུང༌། ལས་གནས་ཐོག་༜༜བསླབ་པ་རྒན་རིམ་བཞིན་བཞུགས་རྒྱུ།
༢༧། ཁྲིམས་དྲུང༌།
༢༨། ཆོས་རིག་དྲུང་ཆེ།
༢༩། ནང་སྲིད་དྲུང་ཆེ།
༣༠། དཔལ་འབྱོར་དྲུང་ཆེ།
༣༡། ཤེས་རིག་དྲུང་ཆེ།
༣༢། བདེ་སྲུང་དྲུང་ཆེ།
༣༣། ཕྱི་དྲིལ་དྲུང་ཆེ།
༣༤། འཕྲོད་བསྟེན་དྲུང་ཆེ།
༣༥། ལས་བྱེད་འདེམས་ལྷན་དྲུང་ཆེ།
༣༦། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེ།
༣༧། ལས་ཐོག་དྲུང་ཆེ་གཞན་རྣམས་རྒན་རིམ་བཞིན་བཞུགས་རྒྱུ།
༣༨། སྐུ་ཚབ་དོན་གཅོད་ཁག
ཀ ལྡི་ལི་སྐུ་ཚབ་དོན་གཅོད།༞༞
ཁ ཨ་རི་སྐུ་ཚབ་དོན་གཅོད།
ག བལ་ཡུལ་སྐུ་ཚབ་དོན་གཅོད།
ང སུད་སི་སྐུ་ཚབ་དོན་གཅོད།
ཅ ཉི་ཧོང་དང་ཤར་ཨེ་ཤེ་ཡའི་སྐུ་ཚབ་དོན་གཅོད།
ཆ ཨིན་ལན་སྐུ་ཚབ་དོན་གཅོད།
ཇ སྦར་སིལ་སྐུ་ཚབ་དོན་གཅོད།
ཉ རུ་སོག་སྐུ་ཚབ་དོན་གཅོད།
ཏ ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད།
ཐ ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད།
ད ཐའེ་ཝན་སྐུ་ཚབ་དོན་གཅོད།
ན ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད།
༣༩། བཤེར་དཔང༌། ( མཛད་སྒོའི་སྐབས་སྤྱི་འཐུས་ཀྱི་གྲལ་ཁོངས་སུ་བཞུགས་རྒྱུ། )
༤༠། བགྲེས་ཡོལ་དུ་ཕེབས་པའི་དྲུང་ཆེ་རྣམ་པ་རྒན་རིམ་བཞིན་བཞུགས་རྒྱུ།
༤༡། ལས་ཐོག་དྲུང་ཆེ་ལས་འཕར་རྣམས་བསླབ་པ་རྒན་རིམ་བཞིན་བཞུགས་རྒྱུ།
༤༢། ྋསྐུའི་བླ་སྨན་ཞབས་ཞུ་བ་རྣམ་པ། ( མཛད་སྒོའི་སྐབས་སྤྱི་འཐུས་ཀྱི་གྲལ་ཁོངས་སུ་བཞུགས་རྒྱུ། )
༤༣། དགའ་གདོང་སྐུ་རྟེན། ( མཛད་སྒོའི་སྐབས་སྤྱི་འཐུས་ཀྱི་གྲལ་ཁོངས་སུ་བཞུགས་རྒྱུ། )
༤༤། ལ་མོ་ཚངས་པའི་སྐུ་རྟེན། ( མཛད་སྒོའི་སྐབས་སུ་སྤྱི་འཐུས་ཀྱི་གྲལ་ཁོངས་སུ་བཞུགས་རྒྱུ། )
༤༥། སྨན་བཙུན་ཚེ་རིང་མཆེད་ལྔའི་སྐུ་རྟེན། ( མཛད་སྒོའི་སྐབས་སྤྱི་འཐུས་ཀྱི་གྲལ་ཁོངས་སུ་བཞུགས་རྒྱུ། )
༤༦། གཉན་ཆེན་ཐང་ལྷའི་སྐུ་རྟེན། ( མཛདསྒོའི་སྐབས་སྤྱི་འཐུས་ཀྱི་གྲལ་ཁོངས་སུ་བཞུགས་རྒྱུ། )
༤༧། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ།
༤༨། སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན།
༤༩། དྷ་ས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན།
༥༠། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན།
༥༡། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན།
༥༢། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན།
༥༣། བདེ་ལེགས་སྨན་ཁང་གི་འགན་འཛིན།
༥༤། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན།
༥༥། ཟུང་འབྲེལ་དྲུང་ཆེས་གཙོས་གཞུང་ཞབས་ལས་ཐོག་དང་བགྲེས་ཡོལ་རྣམས་གནས་རིམ་གཞིར་བཟུང་བཞུགས་རྒྱུ། དྷ་ས་ས་གནས་འགོ་འཛིན་གཞུང་ཞབས་སྤྱི་འགྲེ་ལྟར་བཞུགསརྒྱུ།
༥༦། ཤེས་རིག་ཁྱབ་ཁོངས་སློབ་སྤྱི་དང་འགན་འཛིན།
ཟུར་མཆན།
༡༽ ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་པ། ལྡི་ལི་བོད་ཁང་འགན་འཛིན། དྭང་སློབ་འགན་འཛིན་༼མདའ་དཔོན༽ མ་སུ་རི་བོད་ཁྱིམ་དྲུང་ཆེ་བཅས་ས་མིག་གཏན་འབེབས་ཁོངས་མེད་ཐོག་ཕྱོགས་མཐར་བཞུགས་མུས་ལ་བརྟེན་གདན་ཐོབ་མཚན་གཞུང་དུ་བཀོད་མེད་ཀྱང༌། མཛད་འཆར་སྐབས་སྤྱི་འཐུས་ཀྱི་གྲལ་མཚམས་སུ་བཞུགས་རྒྱུ་དང༌། དྷ་ས་སྟེང་ཤོད་བོད་ཁྱིམ་གཉིས་ལ་ས་མིག་བཀའ་འཁྲོལ་མེད་ཀྱང་བཞུགས་སྒར་དུ་ཡོད་པར་བརྟེན་མཛད་བཅར་སྐབས་སྤྱི་འཐུས་ཀྱི་གྲལ་གཤམ་དུ་བཞུགས་རྒྱུ།
༢༽ མཛད་སྒོའི་སྐབས་བཞུགས་གྲལ་གཡས་ཕྱོགས་སུ་སྲིད་སྐྱོང་དང་ཁྲིམས་ཞིབ་པ་རྣམ་པས་གཙོས་བཀའ་བློན་རྣམ་པ་དང༌། གཞུང་ཞབས་ཆེ་ཕྲ།
༣༽ བཞུགས་གྲལ་གཡོན་ཕྱོགས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང༌། གནས་ཆུང་སྐུ་རྟེན། སྤྱི་འཐུས་ལས་ཐོག་རྣམ་པ། བཤེར་དཔང༌། དགའ་གདོང་སྐུ་རྟེན། ལ་མོ་ཚངས་པའི་སྐུ་རྟེན། སྨན་བཙུན་ཚེ་རིང་མཆེད་ལྔའི་སྐུ་རྟེན། གཉན་ཆེན་ཐང་ལྷའི་སྐུ་རྟེན། ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་པ། ལྡི་ལི་བོད་ཁང་འགན་འཛིན། དྭང་སློབ་འགན་འཛིན་༼མདའ་དཔོན་༽ མ་སུ་རི་བོད་ཁྱིམ་དྲུང་ཆེ། ཤེས་རིག་ཁྱབ་ཁོངས་སློབ་སྤྱི་དང་འགན་འཛིན། ཤེས་རིག་དཔར་ཁང་འགན་འཛིན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་དང་སྤྱི་ཁྱབ་འགན་འཛིན།(CEO) ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། དམིགས་བསལ་སྐུ་མགྲོན་རྣམ་པ་གོ་རིམ་བཞིན་བཞུགས་རྒྱུ་བཅས་ཡིན་ཅིང༌།
གོང་དུ་འཁོད་གསལ་ལྟར་མཛད་སྒོ་དང༌། ཚོགས་འདུ་གྲ་སྒྲིག་གནང་མི། དོ་བདག་སོ་སོ་བཅས་ནས་ཕྱག་བསྟར་ཐུབ་པ་དགོས་རྒྱུ། མཛད་སྒོ་དང༌། ཚོགས་འདུ། མཇལ་ཁ་བཅས་ལ་མཚན་གནས་སམ་ངོ་བོ་གང་གི་ཐོག་ལ་ཕེབས་པའི་གྲལ་རིམ་དེ་རང་ལ་བཞུགས་པ་ལས་གང་བྱུང་དུ་བཞུགས་ན་འགྲིག་མིན། གོང་གསལ་གྲལ་རིམ་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཚན་གནས་མེད་རིགས་དང༌། གདན་ཞུ་མེད་རིགས་ཀྱི་གང་ཟག་སུ་ཡང་མཛད་སྒོ་སོགས་གོང་གསལ་གྲལ་རིམ་ནང་ཞུགས་པ་དང༌། ཞུགས་སུ་འཇུག་པའི་རིགས་གཏན་ནས་མི་ཆོག་པ་བཅས་གཏན་འབེབས་བགྱིས་པ་ད་ནས་བཟུང་ལག་བསྟར་རྩ་འཛིན་དགོས་པ་དང་། འདིའི་སྔོན་བཀའ་ཤག་ནས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༠ འཁོད་གདན་ཐོབ་ཀྱི་རྩ་འཛིན་བཀོད་ཁྱབ་དེ་ལྟར་རྩིས་མེད་དུ་སོང་བར་ངོས་འཛིན་དགོས་པ་བཅས་ཀྱི་རྩ་འཛིན་བཀོད་ཁྱབ་ཏུ། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ ༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༡ ལ།། །།