༢༠༡༧ ཟླ་ ༦ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཨིན་ཡུལ་པེས་ཊ་ལོ་ཛི་ Pestalozzi International Village Trust, East Sussex, (UK) རྒྱལ་སྤྱིའི་ཐེབས་རྩའི་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུར། ཕྱི་ལོ་ ༢༠༡༧ ལོར་བོད་པའི་སློབ་གྲྭ་གང་རུང་ཞིག་ནས་འཛིན་རིམ་བཅུ་པ་ཐོན་པའི་བོད་
མི་སྐྱབས་བཅོལ་བའི་སློབ་ཕྲུག་ ༢ ནས་ ༣ བར་ཨིན་ཡུལ་པེས་ཊ་ལོ་ཛི་ཚོགས་པ་ནས་ཀེ་ལེར་མོནཊ་སློབ་གྲྭར་ (Claremont School @ claremontschool.co.uk) འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ (A Level Programme) ལོ་གཉིས་ཀྱི་
སློབ་ཡོན་གནང་རྒྱུ་ལགས་ན། བོད་པའི་སློབ་གྲྭ་ཞིག་ནས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཉུང་མཐའི་བརྒྱ་ཆ་ ༦༠/CGPA 6.4 ཡན་ལོན་པའི་སློབ་ཕྲུག་རྣམས་ནས་འཚང་རྒྱུགས་ནང་ཞུགས་ཆོག་རྒྱུ་དང་།གོང་གསལ་ཚོགས་པ་ནས་སྐུ་ཚབ་ལས་བྱེད་གཅིག་ཆེད་ཕེབས་ཀྱིས་ཨིན་ཇིའི་སྐད་ཡིག་ཐོག་འབྲི་རྒྱུགས་དང་ངག་རྒྱུགས། ཚན་རིག་དང་ཨང་རྩིས། སྒྱུ་རྩལ་བཅས་ཀྱི་འབྲི་རྒྱུགས་བཅས་ཀྱི་ལམ་ནས་མཐའ་མའི་མི་འགྲོ་འདེམས་སྒྲུག་བཞུགས་སྒར་རྡ་རམ་ས་ལར་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༡ ནས་ ༡༤ བར་གནང་རྒྱུ་ཡིན་པའི་གསལ་བསྒྲགས་སུ།
སློབ་ཡོན་ཞུ་བར་ཆ་རྐྱེན་ཁག་གཤམ་གསལ།
༡། འཚང་སྙན་འབུལ་མཁན་སློབ་ཕྲུག་རྣམས་ཀྱི་སྐྱེས་ཚེས་ཕྱི་ལོ་ ༡༩༩༩ ཟླ་ ༨ ཚེས་ ༢༡ ནས་ཕྱི་ལོ་ ༢༠༠༢ ཟླ་ ༨ ཚེས་ ༢༢ བར་ཡིན་དགོས་པར། སྐྱེས་ཚེ་ལག་འཁྱེར་གྱི་ངོ་བཤུས་མཉམ་སྦྱར་དགོས་རྒྱུ།
༢། སློབ་ཕྲུག་ཚོའི་ནང་མའི་ཡོང་འབབ་སྐྱོ་བོ་ཡིན་པ་དང་ནང་མི་སྤུན་མཆེད་སུའང་ཨ་རི་དང་ཨིན་ཡུལ། ཡུ་རོབ་སོགས་ཡར་ཐོན་རྒྱལ་ཁབ་གང་རུང་ནང་འབྲེལ་བ་མེད་པ་ཞིག་དགོས།
༣། འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས།
༤། དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༦ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནས་དག་མཆན་འགོད་དགོས།
༥། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས། གལ་ཏེ་ལག་དེབ་གསར་བཟོ་དང་དུས་འགྱངས་ཞུ་ཆེད་བཏང་བ་དང་། སོ་སོའི་གནས་ཡུལ་བལ་ཡུལ་དང་འབྲུག་ རྒྱ་གར་བྱང་ཤར་ཁུལ་ནས་ཡིན་ཚེ། འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་ནས་ངོས་སྦྱོར་ངེས་འབུལ་དགོས་རྒྱུ།
༦། ཕ་མ་བོད་ནང་ཡོད་པའམ། ཕ་མ་ཁ་བྲལ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་ས་གནས་འགོ་འཛིན་ལས་ཁུངས་ནས་ངོས་སྦྱོར་ངེས་འབུལ་དགོས་རྒྱུ།
༧། འཚང་སྙན་མཉམ་དུ་སློབ་ཡོན་དོད་ཧིན་སྒོར་ ༢༠༠།༠༠ འབུལ་དགོས།
འཚང་སྙན་འབུལ་ཕྱོགས།
༡། སློབ་ཡོན་འགེངས་ཤོག་ཤོག་གྲངས་ ༨ ཅན་སློབ་ཕྲུག་སོ་སོ་ནས་ཞིབ་བཀང་དགོས་རྒྱུ།
༢། ནང་མིའི་ཡོང་འབབ་འགེངས་ཤོག་ཤོག་གྲངས་ ༢ ཅན་འབྲེལ་ཡོད་ས་གནས་འགོ་འཛིན་ནས་ཞིབ་བཀང་དགོས་རྒྱུ།
༣། སློབ་གྲྭའི་འབྲེལ་སྦྱོར་བྱེད་པོའི་འགེངས་ཤོག་ཤོག་གྲངས་ ༢ ཅན་འབྲེལ་ཡོད་སློབ་སྤྱིའམ། འཛིན་གྲྭའི་དགེ་རྒན་ཆེན་མོ་ནས་ཞིབ་བཀང་དགོས་རྒྱུ།
༤། འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་དང་། དོ་བདག་དང་ཕ་མ་གཉིས་ཀྱི་དྭང་བླངས་དཔྱ་དངུལ་ལག་དེབ། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་བཅས་ཀྱི་ངོ་བཤུས།
༥། ཕྱི་ལོ་ ༢༠༡༨ ཟླ་ ༨ པའི་ནང་ཨིན་ཡུལ་དུ་སློབ་བཅར་དགོས་པར་བརྟེན། ཕྱིར་བསྐྱོད་ལག་དེབ་སེར་པོ་དུས་ཐོག་ཐོན་ཐབས་དོ་བདག་སོ་སོ་ནས་འགན་འཁུར་དགོས་རྒྱུ་དང་། གལ་སྲིད་འདེམས་སྒྲུག་ཟིན་པའི་སློབ་ཕྲུག་གི་ལག་དེབ་ཛ་དྲག་ཐོག་བཟོ་ཐབས་སླད་རྒྱབ་གཉེར་འབུལ་རྒྱུ་བཅས།
འཚང་སྙན་འབུལ་ཚེས།
ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣༡ འགྱངས་མེད།
དྭོགས་འདྲི་ཞུ་ཡུལ།
ངག་དབང་ཡོན་ཏན་དང་།
བློ་བཟང་དར་རྒྱས།
+91-1892-222572 & +91-1892-222721
[email protected] & [email protected]
www.facebook.com/doe.lobyon
འཚང་སྙན་འབུལ་ཡུལ།
Secretary (Pestalozzi 2018)
Department of Education, CTA
P.O. Dharamsala 176215
District Kangra, HP
1. Application Form – https://drive.google.com/file/d/0B_FDkaI-rpHPVHRlU3hiZlkySDQ/view?usp=sharing
2. Income Verification Form – https://drive.google.com/file/d/0B_FDkaI-rpHPMFF4c0FTck1YVVE/view?usp=sharing
3. Academic Reference Form – https://drive.google.com/file/d/0B_FDkaI-rpHPZDdjVHc5aDUtdU0/view?usp=sharing
4. More about A Level Programme – https://drive.google.com/file/d/0B_FDkaI-rpHPZWt4Qzk4X1VpZkU/view?usp=sharing