ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༡ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སི་དྷ་ར་མཱ་ཡ་ Shri Siddharamaih མཆོག་གིས་དབུས་ཀར་ཎ་ཊ་ཀ་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ Health & Family Welfare བློན་ཆེན་སྐུ་ཞབས་ར་མེཤ་ཀུ་མར་ Ramesh Kumar མཆོག མི་མང་འཛུགས་སྐྲུན་ལས་གཞིའི་ fro PWD བློན་ཆེན་སྐུ་ཞབས་འབུམ་རམས་པ་ཨེཅ་སི་མ་ཧ་དྷེ་ལྦ་པ་ Dr. H.C. Mahadevapa མཆོག སྤྱི་ཚོགས་བདེ་དོན་ Social Welfare བློན་ཆེན་སྐུ་ཞབས་ཧེཅ་ཨན་ཇ་ནེ་ཡ་ H. Anjaneya མཆོག ཞིང་ཆུའི་ Irrigation བློན་ཆེན་སྐུ་ཞབས་ཨེམ་བྷི་པཱ་ཌེལ་ M.B. Patil མཆོག གྲངས་ཉུང་མི་རིགས་ Minority & Wakf ཀྱི་བློན་ཆེན་སྐུ་ཞབས་ཏན་ལྦིར་སེ་ཌེ་ Tanveer Sait མཆོག གྲོང་སྡེ་ཡང་རྒྱས་Urban Development བློན་ཆེན་སྐུ་ཞབས་རོ་ཤན་བྷེག་ Roshan Baig མཆོག དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་ཝེན་ཀ་ཌེཤ་ མཆོག་བཅས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ནས་སྤྱི་ལེ་ ༣ གྱི་སར་ཡོད་པའི་ཨ་ཝོ་ར་ཏི་ Aavorathi གྲོང་གསེབ་ཏུ་ཕེབས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྤྱི་ཁྱབ་བློན་ཆེན་མཆོག་ཐད་འཕུར་གནམ་གྲུའི་བརྒྱུད་སྦེལ་ཀོབ་གཏན་སློབ་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་གངས་སེང་འཁྲབ་སྟོན་ཞུས་ཕེབས་བསུ་ཞུས་ཡོད། སྐབས་དེར་ཕྱོགས་བཞུགསབོད་མི་མང་སྤྱི་འཐུས་དང་། སྦེང་ལོར་ལྷོ་སྤྱི། སྦེལ་ཀོབ་ལུགས་བསམ་དང་བདེ་སླར་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། སྦེལ་ཀོབ་ཁུལ་གྱི་དགོན་སྡེ་ཁག་གི་དབུ་འཛིན་རྣམ་པ། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ་བཅས་ཁྱོན་མི་གྲངས་ ༦༠ ལྷག་ཙམ་གྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་མི་མང་འདུ་འཛོམས་ཀྱི་མཛད་སྒོའི་ཐོག་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་མཇལ་དར་ཞིག་དང་དྲན་རྟེན་ཕྱག་རྟགས་ཕུལ་ཏེ་ཀར་ཎ་ཊ་ཀ་མངའ་སྡེ་གཞུང་ནས་ད་བར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་རྣམས་ལ་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། སྐབས་དེར་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་དང་ལྷག་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་བློན་ཆེན་གཞན་དྲུག་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་བཅས་འཚམས་འདྲི་ཞུས་ཡོད།
སྐབས་དེར་བོད་མའི་གནད་ཡོད་མི་སྣ་ཁག་གིས་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུས་བློན་ཆེན་གཞན་དྲུག་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་བཅས་ལ་དགའ་བསུའི་འཚམས་འདྲི་ཞུས་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཡོད། ཉིན་རྒྱབ་སྤྱི་ཁྱབ་བློན་ཆེན་མཆོག་སྦེང་ལོར་དུ་ཕེབས་གནང་ཡོད་པ་བཅས། །