ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༨ འཁོད་ཞུ་སྙན་ཕུལ་འབྱོར་བྱུང་བ་དཔལ་ལྡན་བཀའ་ཤག་ལྷན་རྒྱས་སུ་སྙན་གསན་ཞུས་དོན་བཞིན་བཀའ་འཁྲོལ་སྩལ་ཕེབས་སུ། སྲི་ཞུ་བའི་ལས་བྱེད་སིལ་སྤོལ་གོ་སྒྲིག་ཚོགས་ཆུང་ནས་སྲི་ཞུ་ལས་བྱེད་རྣམས་ཀྱི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ཆེད་ལས་བྱེད་ནང་ཁུལ་སིལ་སྤོལ་འགྲན་བསྡུར་ཞིག་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ནས་དབུ་འཛུགས་ཞུ་གཏན་འཁེལ་བ་བཞིན། དཔལ་ལྡན་སྲིད་ཚབ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་དེ་རིང་ཕྱི་དྲོ་ཆུ་ཚོད་ ༥ ཐོག་དབུ་འབྱེད་གནང་སྐབས་ལས་བྱེད་རྣམས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་གཟིགས་མོར་བཅར་འཐུས་ཆོག་རྒྱུ། ཞེས་ཕེབས་སོང་བ་དེ་དོན་ཁུངས་ཁྱབ་ཡོང་བའི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ལ།།
ལས་བྱེད་ནང་ཁུལ་སིལ་སྤོལ་འགྲན་བསྡུར།
གསར་གནས།

འབྲེལ་གནས།
